| | e-texts navigator
|
6a1 དུང་དང་།སྨི་ག་དང་།།གདུ་བུ་དང་།དཔུང་རྒྱུན་དང་།རྣ་ཆ་དང་།སར་གདུབ་དང་།རྣ་ཆ་བྱང་ཕྲུལ་ཅན་དང་།མེ་ཏོག་བཟང་པོ་དང་།དཔག་བསམ་གྱི་ཤིང
6a2 དང་།འཁོར་ལོ་དང་།དཔུང་གི་སེང་གཾ་དང་།འདི་རྣམས་ནི་རི་མོའི་རྗེས་ཀྱི་མཚན་བརྒྱད་ཅུ་ཡིན་ཏེ།འདི་དག་ནི་དེ་བཞིན་གཤེགས་པའི་ཕྱག་དང་།ཞབས་ཀྱི་མཐིལ་ལ་བྱུང་ངོ་།།
6a3 འཇམ་དཔལ་གང་མཚན་བརྒྱད་ཅུའི་རི་མོར་གཏོགས་པའི་བསྟོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས་དེ་བཞིན་གཤེགས
6a4 པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གཅིག་ཏུ་འགྱུར་ཏེ།དེ་བཞིན་དུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རེ་རེར་འགྱུར་རོ།།འདི་ལྟ་སྟེ།དབུའི་གཙུག་ཏིར་དང་།དབུའི་མཐོན
6a5 མཐིང་ལ་གཡས་ཕྱོགས་སུ་འཁྱིལ་བ་དང་།དཔྲལ་བ་མཉམ་པ་དང་།ཁ་དོག་གིས་བརྒྱན་པ་དང་།སྨིན་མཚམས་ཀྱི་མཛོད་སྤུ་དང་།སྟན་མཐོན་མཐིང་ལ་བའི་རྫི་མ་འདྲ་བ
6a6 དང་།སོ་བཞི་བཅུ་ཐགས་བཟོད་པ་དང་།མཆེ་བ་དཀར་བ་དང་།འགྲམ་པ་སེང་གེའི་འདྲ་བ་དང་།ལླཱི་ཆེ་ཞིང་སྲབ་པ་དང་།རྀ་སྟོད་སང་གཽ་འདྲ་བ་དང་།ཤིང་ནྱ་གྲོ་དྷ་ལྟར
6a7 ཆུ་ཞིང་གབ་པ་དང་།སྤུ་ཁུང་རེ་རེ་ནས་སྐྱེས་པ་དང་།ཕོ་མཚན་མི་སྣང་བར་ནུབ་པ་དང་།བརླ་གང་ཞིང་ཟླུམ་པ་དང་།བྱིན་པ་རི་དགས་ཀྱི་རྒྱལ་པོ་ཨེ་ན་ཡ་འདྲི་བ་དང་།
iiif viewer powered by OpenSeadragon
5b - 6b