e-texts navigator
Collection
Volume
Page
Wylie

5b1 ན་བྱ་བ་ཁཱ།རྨིག་བརྒྱ་སྟོང་དུ་མར་བསྒྱུར་བས་དེ་བཞིན་དུ།ཤེགས་པའི་ཕྱི།།མ་ཞབས་གཅིག་རི་མོའི་རྗེས་ཀྱི་མཚན་དུ་འབྱུང་ངོ་།།དེ་ལྟར་རི་མོའི་རྗེས་ཀྱི་མཚན་བརྒྱད་ཅུ་ལ་འདི་ལྟ་སྟེ།
5b2 གདུགས་དང་།རྒྱལ་མཚན་དང་།དཔལ་བེའུ་དང་།ཕྲེང་བ་དང་།ཀྱོ་བི་ཐང་དང་།ཅོད་པན་དང་།དབྱིག་ཏོ་དང་།བུམ་པ་དང་།གླང་བྲོ་དང་།རྟ་དང་།སྟག་དང་།ཆུ་སྲིན་དང་།
5b3 ཉ་དང་།རུས་སྦལ་དང་།རྨ་བྱ་དང་།ཀ་ལ་བིངྐ་དང་།ཤད་ཤང་ཏེའུ་དྲང་།ཙ་ཤ་དང་།ངུར་པ་དང་།ནཻ་ཙེ་དང་།ངང་པ་དང་།ཐི་པ་དང་།ནས་དང་།སྨན་ཆེན་པོ་དང་།འོད
5b4 མ་དང་།བ་མེན་དང་།ཀླུ་དང་།ར་དང་།ཁྱུ་མཆོག་དང་།རི་དང་།བིལ་པ་དང་།ཤིང་དང་།འདེགས་ནག་པོ་དང་།ནོར་བུ་རིན་པོ་ཆེ་དང་།རལ་གྲི་མཆོག་དང་།རྡོ་རྗེ་དང་།
5b5 གཞུ་དང་།མདའ་དང་།ཤག་ཏ་དིང་།མདུང་རྩེ་གསུམ་པ་དང་།གཤོལ་དང་།གཏུན་དང་།སྟ་རེ་དང་།ཞགས་པ་དང་།གྲུ་དང་།མུ་ཏིག་གི་རྒྱན་དང་།སྤྲིན་དང་།ཚངས་པ་དང་།
5b6 དབང་པོ་དང་།འཁོར་སྤྲང་པོ་དང་།ཆུའི་ལྷ་དང་།འཕགས་སྐྱེས་པོ་དང་།མིག་མི་བཟང་དང་།ནོར་སྦྱིན་དང་།དྲང་སྲོང་ཆེན་པོ་དང་།དཔལ་དང་།ཉི་མ་དང་།ཟླ་བ་དང་།མེ་དང་།
5b7 རླུང་དང་།པདྨོ་དང་།གཡུང་དྲུང་དང་།གྲུ་གསུམ་དང་།དགེ་བའི་བསྟན་དང་།མེ་ལོང་དང་།རྔ་ཡོ་བ་དང་།རྩཝ་དུར་པ་དང་།པུ་རོ་ད་ཤ་དང་།ཁྱེའུ་དང་།བུ་མོ་དང་།རྔ་དང་།




iiif viewer powered by OpenSeadragon

5a - 6a

Texts on this page

N158 - 'phags pa 'jam dpal gyis dris pa zhes bya ba theg pa chen po'i mdo