e-texts navigator
Collection
Volume
Page
Wylie

42b1 འཇམ་པ་རྣམས་ཀྱི་ནང་ན་མཆོག་གོ།།གསང་པོར་སྨྲ་བ་རྣམས་ཀྱི་ནང་ན་མཆོག་གོ།ཚིག་མཆོད་པ་རྣམས་ཀྱི་ནང་ན་མཆོག་གོ།ཚིག་ཐོགས་པ་མེད་པ་རྣམས་ཀྱི་ནང་ན་མཆོག
42b2 གོ།ལྡེམ་པོ་ངག་དུ་སྨྲ་བ་རྣམས་ཀྱི་ནང་ན་མཆོག་གོ།སེམས་ཁོང་ཁྲོ་བ་མེད་པ་རྣམས་ཀྱི་ནང་ན་མཆོག་གོ།བྱམས་པ་ལ་གནས་པ་རྣམས་ཀྱི་ནང་ན་མཆོག་གོ།སྙིང་རྗེ
42b3 ལ་གནས་པ་རྣམས་ཀྱི་ནང་ནི་མཆོག་གོ།།དགའ་བ་ལ་གནས་པ་རྣམས་ཀྱི་ནང་ན་མཆོག་གོ།བཏང་སྙོམས་ལ་གོནས་པ་རྣམས་ཀྱི་ནང་ནི་མཆོག་གོ།བྱང་ཆུབ་སེམས་དཔའི
42b4 ཐེ་ཚོམ་ཐམས་ཅད་གཅོད་པ་དང་ཀུན་འདྲི་བ་ལ་མཁས་པ་རྣམས་ཀྱི་ནང་ན་མཆོག་གོ།།དེ་ནས་ཚངས་པ་ཁྱད་པར་སེམས་དང་།བྱང་ཆུབ་སེམས་དཔའི་སྟོང་ཕྲག་བཅུ་གཉིས
42b5 པོ་དེ་དག་ལྷན་ཅིག་དུ་བཅོམ་ལྡན་འདས་གལ་བ་དེར་དོང་ནས་ཕྱིན་པ་དང་།བཅོམ་ལྡན་འདས་ཀྱི་ཞབས་ལོ་མགོ་བོས་ཕྱག་བཙལ་ཏེ་ལོན་གསུམ་བསྐོར་བ་བྱས་ནས།བཅོམ་ལྡན
42b6 འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས།བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་རྣམོ་པ་མང་པོས་མངོན་པར་བསྟོད་དོ།།རྣམ་པར་སྨྲ་བ་སྤགས
42b7 སྲིད་པ་གསུམ་དུ་གྲགས།།བསྔགས་པའི་ཕྲེང་བ་འཇིག་རྟེན་ཀུན་དུ་རྒྱུ།།བདག་གིས་སེམས་ཅན་མཆོག་རྣམས་ཞིང་ན་མཐོང་།།དེ་དག་ཀུན་ཀྱང་ཁྱེད་ཀྱི་རོ་ཏན་གསུངས།།




iiif viewer powered by OpenSeadragon

42a - 43a

Texts on this page

N146 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo