e-texts navigator
Collection
Volume
Page
Wylie

41a1 སངས་རྒྱས་ཀྱི་ཞིང་དེར་ལྷག་པའི་བསམ་པ་བཅུ་རྣམས་ཀྱིས་གནས་པར་བྱའོ།།བཅུ་གང་ཞེ་ན།སྙན་པར་སྨྲ་བ་དང་།རྐྱེན་དུ་སྐྱེ་བ་རྣམས་ལ་ཁོང་ཁྲོ་བ
41a2 མེད་པའི་སེམས་དང་།སྙན་པ་ཐོས་པ་དང་།མི་སྙན་པ་ཐོས་པ་ལ་བྱམས་པའི་སེམས་དང་།དུས་ཐམས་ཅད་དུ་སེམས་ཅན་རྣམས་ལ་སྙིང་རྗེ་བའི་སེམས་དང་།སེམས་ཅན
41a3 རབ་འབྲིང་ཐ་མ་རྣམས་ལ་ཡང་དག་པར་སྦྱོར་བ་དང་།རི་མོ་བྱེད་པ་དང་།བརྙས་པར་བྱེད་པ་རྣམས་ལ་སེམས་མཉམ་པ་དང་།གཞན་གྱི་ལྟུང་བའི་འཁྲུལ་པ་ཐམས་ཅད
41a4 ལ་ཉེས་པར་མི་ལྟ་བ་དང་།ཐ་གྲང་སྣ་ཚོགས་ལ་རོ་གཅིག་པ་དང་།ངན་སོང་གི་སྡུག་བསྔལ་ཐམས་ཅད་ཀྱི་སྒྲས་མི་སྐྲག་པ་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ
41a5 ཤེས་པ་དང་།སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་ཅན་ན་དེ་བཞིན་གཤེགས་པ་མཐོང་བ་ལ་ངོ་མཚར་དུ་འདུ་ཤེས་པ་སྟེ།ཚངས་པ་ལྷག་པའི་བསམ་པ་བཅུ་པོ་དེ་དག་གིས
41a6 སངས་རྒྱས་ཀྱི་ཞིང་དེར་གནས་པར་བྱའོ།།དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཀྱིས་སྤྱན་སྔར་བདག
41a7 སེང་གོར་སྒྲ་མི་སྒྲོག་སྟེ།འོན་ཀྱང་པོ་དག་གིས་སྤྱད་པ་གང་ལེགས་པའི་སྤྱོད་པ་ཇི་ལོ་བཅོམ་ལྡན་འདས་ཉིད་རངན་གསུམ་དུ་གྱུར་པས་བཅོམ་ལྡན་འདས་བདག་གིས་ལྷག་པའི་བས




iiif viewer powered by OpenSeadragon

40b - 41b

Texts on this page

N146 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo