e-texts navigator
Collection
Volume
Page
Wylie

39a1 བའི་འོད་ཟེར་དེས་ནི་སེམས་ཅན་ཐོས་པ་ཉུང་བ་རྣམས་ཐོས་པ་ཐོབ་པར་འགྱུར་རོ།།སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་ངོ་ཆེ་བ་དང
39a2 འཛེམ་པ་མེད་པ་རྣམས་ངོ་ཚ་ཤེས་པ་དང་།ཁྱེལ་ཡོད་པ་པོ་དར་འགྱུར་རོ།།སྐྱོ་བ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་འདོད་ཆགས་སྤྱོད་པ་རྣམས་ཀྱི་དོད་ཆགས
39a3 འཇོམས་པར་འགྱུར་རོ།།དགའ་བ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་ཞེ་སྡང་སྤྱོད་དོ།དུས་ཀྱི་ནི་སྡང་འཇོམས་པར་འགྱུར་རོ།།སྣང་བ་ཅན་ཞེས་བྱ་བའི་འད་ཟེར་དུས
39a4 ནི་སེམས་ཅན་གེཏི་མུག་སྤྱོད་པ་རྣམས་རྟོན་ཅིང་འབྲེལ་བར་འབྱུང་བ་ཁོང་དུ་ཆུད་དར་འགྱུར་རོ།།ཀུན་ཏུ་འགྲོ་བ་ཞེས་བྱ་བའི་འོད་ཟེར་དྲིས་ནི་སེམས་ཅན་ཆ་མཉམ་པར་སྤྱོད
39a5 བ་རྣམས་ཆ་མཉམ་པ་སྤྱོད་པ་སྤོང་བར་འགྱུར་རོ།།དྲ་བ་ཅན་སྐྱེ་འོད་དེ་བཞིན་གཤེགས་པ་ལ་གཟུགས་ཐམས་ཅན་སྟོན་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ།འོད་ཟེར་དེས་རིག
39a6 པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྐུ་ཁེ་དོག་སྣ་ཚོགས་ཁ་དོག་དུ་མ།ཁ་དོག་བརྒྱ་སྟོང་དུ་མས་ལྷག་པར་མཐོང་པོར་འགྱུར་རོ།།དྲ་བ་ཅན་གྱི་འོད་དེས་དེ
39a7 བཞིན་གཤེགས་པ་འོད་ཟེར་ལ་བརྩམས་ཏེ།བསྐལ་པའམ།བསྐལ་པ་ལས་ལྷག་པར་བཤད་ཀྱང་དེ་བཞིན་གཤེགས་པའི་འོད་ཟེར་གྱི་རྣམ་པ་དང་ལྡན་པའི་ཆོས




iiif viewer powered by OpenSeadragon

38b - 39b

Texts on this page

N146 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo