e-texts navigator
Collection
Volume
Page
Wylie

38a1 པ་བྱོན་པའམ་བཞུད་པའི་ཞབས་ཀྱི་མཐིལ་གྱི་སེམས་ཅན་གང་ལ་རེག་པ་དེ་དག་ཤིང་ཕོས་མ་ཟག་དུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེའོ།།རྒྱན་ཐམས
38a2 ཅད་བཀོད་པ་ཞེས་བྱ་བའི་འོད་ཟེར་དེ།དེ་བཞིན་གཤེགས་པ་གྲོང་དུ་གཤེགས་པ་ན་འབྱིན་ཏེ།དེར་དེ་བཞིན་གཤེགས་པའི་འོད་དེས་སེམས་ཅན་སུ་དགེ་ལ་རིག་པ་དེ་དག
38a3 ཐམས་ཅད་བདེ་བའོ་མཆོག་དང་ལྡན་པར་འགྱུར་རོ།།རྒྱན་ཐམས་ཅད་བཀོད་པའང་གྲོང་ཁྱེར་དེར་འབྱུང་བར་འགྱུར་རོ།།རྣམ་པར་འཐོར་བ་ཞེས་བྱ་བའི་འོད་ཟེར་དེས་ནི་དེ་བཞིན
38a4 གཤེགས་པ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་དུ་རབ་ཏུ་གཡོ་བར་བྱེད་དོ།།བདེ་བོ་སྟོན་པ་ཞེས་བྱ་བའི་འདྲ་ཟེར་དེས་ནི་སེམས་ཅན་དམྱལ་བ་པོའི་སེམས་ཅན་རྣམས་ཀྱི་སེམས།།
38a5 ཅན་དམྱལ་བའི་སྡུག་བསྔལ་མེད་པར་བྱེད་དོ།།འོད་ཟེར་བྱམས་པས་འོགས་པ་ཞེས་བྱ་བ་དེས་ནི་བྱོལ་སོང་གི་སྐྱེ་གནས་སུ་སོང་བའི་སེམས་ཅན་རྣམས་གཅིག་ལ་གཅིག་མི
38a6 ཟ་བར་བྱེད་དོ།།འོད་ཟེར་རབ་ཏུ་སིམ་པོར་བྱེད་པ་ཞེས་བྱ་བ་དེས་ནི་གཱ་ཤིན་རྗེའི་འཇིག་རྟེན་པའི་སེར་ས་ཅན་རྣམས་ཀྱི་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་མེད་པར་བྱེད་དོ།།དྲི
38a7 མ་མདོ་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་ལྗོངས་པ་རྣམས་མིག་ཐོབ་པར་འགྱུར་རོ།།རྣ་བའི་རྗེས་སུ་མཐུན་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་འོན་པོ་རྣམས་རྣ




iiif viewer powered by OpenSeadragon

37b - 38b

Texts on this page

N146 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo