| | e-texts navigator
|
37b1 དེ་བཞིན་གཤེགས་པ་ལ་ཀུན་འདྲེ་ཞིང་ཕྱིར་འདྲི་བར་བྱེད་དོ།།དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྩགས་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ།འོད་ཟེར་ངེས
37b2 རེག་པའི་སེམས་ཅན་རྣམས་འཁོར་ལོ་སྔོ་སྒྱུང་བའི་རྒྱལ་པོའི་རྒྱལ་སྲིད་ཐོབ་པར་བྱ་བའི་ཕྱིར་དྲི་བཞིན་གཤེགས་པ་ལ་ཀུན་འདྲིའོ།།དེ་བཞིན་དུ་སྦྱར་ཏེ།འོད་ཟེར་དགེ་བའི་རྣམ་པར
37b3 བཀོད་པ་ཞེས་བྱ་བའི་འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་བརྒྱ་བྱིན་ཐོབ་པོར་བྱ་པོའི་ཕྱིར་དེ་བཞིན་གཤེགས་པ་ལ་ཀུན་འདྲིའོ།།འོད་ཟེར་བ་དག་པོ་ཐོབ་པ་ཞེས་བྱ་བའི་འོད་ཟེར
37b4 དེས་རེག་པའི་སེམས་ཅན་རྣམས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་བྱ་དེའི་ཕྱིར་དེ་བཞིན་གོཤེགས་པ་ལ་ཀུན་འདྲིའོ།།འོད་ཟེར་ཉོན་མོངས་པ་མེད་པར་གྱུར་པ་ཞེས་བྱ་བའི་འོད་ཟེར
37b5 དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལོ་ཉན་ཐོས་ཀྱི་ཐེག་པ་ཀུན་འདྲའོ།།འོད་ཟེར་རྩེ་གཅིག་པ་དབེན་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་དེས་རིག་པའི་སེམས
37b6 ཅན་རྣམས་དེ་བཞིན་གཤེགས་པ་ལ་རང་སངས་རྒྱས་ཀྱི་ཐེག་པ་ཀུན་འདྲིའོ།།འདྲ་ཟོར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་དབང་བསྐུར་བ་ཐོབ་པ་ཞེས་བྱ་བའི་འོད་ཟེར་དེས་རེག
37b7 པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ་ཐེག་པ་ཆེན་པོ་ལ་སངས་རྒྱས་ཀྱི་ཐེག་པ་ཀུན་འདྲིའོ།།འོད་ཟེར་ཁྱད་པར་དུ་འགྲོ་བ་ཞེས་བྱ་བའི་འོད་ཟེར་དེས་དེ་བཞིན་གཤེགས
iiif viewer powered by OpenSeadragon
37a - 38a