e-texts navigator
Collection
Volume
Page
Wylie

36b1 ཀླུ་དང་།གནོད་སྦྱིན་དང་།དྲིཿ་དང་།ལྷ་མ་ཡིན་དང་།ནམ་མཁའ་ལྡིང་དང་།མིའམཅི་དང་།ལྟོ་འཕྱེ་ཆེན་པོ་དང་།མི་དང་མི་མ་ཡིན་པ་རྣམས་དང་ཡང
36b2 ཐབས་ཅིག་སྟེ།དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་དུ་བདར་ནས་ཆོས་སྟོན་ཏོ།།དེ་ནས་བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ་དྲ་བ
36b3 ཅན་གྱི་འོད་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ།པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་གལ་དྲི་དེར་ལོགས་སུ་ཐལ་མོ་སྦྱར་བ་བདུད་དེ།སྟོང་གསུམ
36b4 གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རབ་ཏུ་གཡོ་བར་བྱས་ནས།སྟོང་གསུམ་གྱི་སྟེང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལོ་བལྟས་ནས་བཅོམ་ལྡན
36b5 འདས་ལ་འདི་སྐད་ཅེས་གསོལ་ཏོ།།གྲལ་ཏེ་ཞུས་ནསོ་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན་བདགྲ་བཅོམ་ལྡན་འདས་དེ་བཞིན་གཤེགས
36b6 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགང་ཞིག་ཞུའོ།།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི
36b7 འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།དྲ་བ་ཅན་གྱི་འོད་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག་དང་།དྲིས་པ་དེ་དོང་དེ་ཉིད་ལུང་བསྟན་པས་ངས་ཁྱོད




iiif viewer powered by OpenSeadragon

36a - 37a

Texts on this page

N146 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo