e-texts navigator
Collection
Volume
Page
Wylie

35b1 འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མའོ།།བམ་པོ་དང་པོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།
35b2 འདི་སྐད་དདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་ཀ་ལཱནྟ་ཀ་གནས་པའི་འོད་མའི་ཚེ་ལོན་དགེ་སློང་སྟོང་ཕྲག་དྲུག་ཅུ་རྩ་བཞི་དེ་དགེ་སློང་གི
35b3 དགེ་འདུན་ཆེན་པོ་དང་།བྱང་ཆུབ་སེམས་དཔའ་སྟོང་ཕྱག་བདུན་ཅུ་རྩ་གཉིས་དང་ཐབས་ཅིག་ཏུ་བཞུགས་ཏེ།ཐམས་ཅད་ཀྱང་མངངོན་པར་ཤེས་པས་མངོན་པར་ཤེས་པ།གཟུངས
35b4 ཐོབ་པ།སྟོབས་པ་ཕྱོགས་པོ་མེད་པ།ཏིང་ངེ་འཛིན་ཐོབ་པ།མངངོན་པར་ཤེས་པས་རྣམ་པར་རོལ་ཅིང་སྤོབས་པ་མི་འཇིགས་པ་དང་ལྡན་པ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པ་ལ
35b5 མཁས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ལ་འདྲ་ལྟ་སྟེ།གཞོན་ནུར་གྱུར་པ་འཇམ་དཔལ་དང་།གཞོན་ནུར་གྱུར་པ་ལས་ནི་རིན་པོ་ཆེ་དང་།གཞོན་ནུར་གྱུར་པ་ལག་ན
35b6 རིན་པོ་ཆེ་ཕྱག་རྒྱ་རིན་པོ་ཆེ་དང་།གཞོན་ནུར་གྱུར་པ་རིན་པོ་ཆེ་དངལ་དང་།གཞོན་ནུར་གྱུར་པ་ནམ་མཁའ་མཛོད་དང་།གཞོན་ནུར་དྷུ་ར་པ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ
35b7 བསྐོར་པོ་དང་།གཞོན་ནུར་གྱུར་པ་དྲ་པོ་ཅན་གྱི་འོད་དང་།གཞོན་ནུང་གྱུར་པ་རྣམ་པར་བསྒྱིངས་པ་དང་།གཞོན་ནུང་གྱུར་པ་དཔལ་གྱི་སྙིང་པོ་ད་།གཞོན་ནུར་གྱུར་པ་བདོག




iiif viewer powered by OpenSeadragon

35a - 36a

Texts on this page

N146 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo