| | e-texts navigator
|
34b1 བྱས་ནས་སྟེང་དུའང་ཚངས་པའི་འཇིག་རྟེན་གྱི་བར་དུ་སོང་སྟེ།ཉི་མ་དང་ཟླ་བ་རྣམས་ཀྱི་གཟི་བརྗིད་ཀྱང་མེད་པར་བྱས་ནས་ཕྱིར་ལོག་སྟེ།བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ
34b2 བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱི་བོའི་གཙུག་ཏུ་མི་སྣང་བར་གྱུར་ཏོ།།དེ་ནས་བྱང་ཆུབ་སེམས་དཔའ་མཐོང་པོ་དོན་ཡོད་ཀྱིས་བཅོམ་ལྡན་འདས་གལ་བ་དེར་ལོགས་སུ་ཐལ་མོ་སྦྱར
34b3 བོ་བཏུད་དེ།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལྗགས།རྐྱེན་གང་ལགས།བཅོམ་ལྡན་འདས་ཀྱིས
34b4 བཀའ་སྩལ་པ།མཐོང་བ་དོན་ཡོད་རྒྱལ་པོ་ཚངས་པས་བྱིན་འདི་ནི་བསྐལ་པ་སུབཅུའི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ།ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་ནས
34b5 སངས་རྒྱས་དུང་ཕྱུར་ཕྲག་བརྒྱད་མཉེས་པོར་བྱེད་པར་འགྱུར་རོ།།ཐམས་ཅད་དུའང་འཁོར་ལོས་བསྐུར་བའི་རྒྱལ་པོར་འགྱུར་ཏེ།གླིང་བཞི་ཡོངས་སུ་བཏང་ནས་སངས་རྒྱས
34b6 བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་ཞེ་འབྲས་པ་མེད་པའི་སེམས་ཀྱིས་དགོངས་པ་བཞིན་དུ་བསྙེན་བཀུར་བྱེད་པར་འགྱུར་རོ།།དེ་དེའི་འོག་ཏུ་བདེ་བ་ཅན་གྱི་བཀོད་པ་དང
34b7 འདྲ་བའི་སངས་རྒྱས་ཀྱི་ཞིང་དུ་བླ་ན་མེད་པ་ཡང་དག་རར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
iiif viewer powered by OpenSeadragon
34a - 35a