e-texts navigator
Collection
Volume
Page
Wylie

32b1 དེ།ང་ཡི་མ་ཡིན་དུ་ཡང་དེའི་མ་ཡིན།།བགྲོད་པ་ཕུན་སུམ་ཚོགས་གཞི་དད་པ་ཡིན།།བདུད་རྩི་ཐོབ་པའི་ལམ་དང་སྣང་བ་ཡིན།།ཇི་ལྟར་ཛམྦུ་གླེང་པའི་རྒྱལ་པོ
32b2 བཞིན།།འདི་ནི་ཡོན་ཏན་ཀུན་གྱི་ཐོག་མར་འགྲོ།རྒྱལ་པོ་ཆེན་པོ་ཁྱོད་ཀྱི་གཙུག་ལག་ཁང་གི་དགེ་སློང་དེ་དག་ནི་ཡོན་ཏན་དེ་ལྟ་བུ་དེ་དག་དང་མི་ལྡན་པས་ན་དེའི་ཕྱིར་དེར་བྱང
32b3 ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱིས་སོ་སོར་བརྟགས་ནས་མ་འདུག་པར་མྱུར་བ་ཁོ་ནར་སོང་ངོ་།།རྒྱལ་པོ་ཆེན་པོ་དགེ་སློང་དྲུག་ཅུ་པོ་དེ་དགེ་ཐམས་ཅད་ནི་དྲི་ནས་ཤི
32b4 འཕོས་ནས་བསྐལ་བྲ་གསུམ་གྱི་བར་དུ་ངན་སོང་རྣམས་སུ་འཁོར་འཁོར་ནས་ཚེ་རབ་བརྒྱད་ཁྲིའི་བར་དུ་རིགས་ངན་དུ་སྐྱེ་བར་འགྱུར་ཏེ།དེམན་པ་དང་།གཞན་གྱི་ཟས་ཀྱིས
32b5 འཚོ་བ་དང་།འཇིག་རྟེན་གྱིས་སྨད་པར་འགྱུར་བ་དང་།ལུས་རིད་པ་དང་།མདོག་ངན་པ་དང་།ཆུང་པོར་གྲགས་པ་དང་།བྱད་ངན་པ་དང་།ཚེ་རབས་ཐམས
32b6 ཅད་དུ་ཤས་ཆེར་ནད་ཚུན་རོ་དཱི་དང་།ཁམས་མ་སྙོམས་ཏེ་འཁྲུག་པ་དང་།ཉམ་ཐག་པའི་སྐད་ཀྱིས་ཆོ་འདྲོན་པ་དང་།གཤྲཱིས་ངན་དུ་འཆི་བར་འགྱུར་རོ།།དེ
32b7 ནས་ཚེ་རངས་ཀྱི་ཐ་མ་ལིས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ།ལོ་བརྒྱད་ཁྲིའི་བར་དུ་དེ་དག་གིས་དེ་བཞིན་གཤེགས་པ་ཚེ་དཔག




iiif viewer powered by OpenSeadragon

32a - 33a

Texts on this page

N145 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo