| | e-texts navigator
|
32a1 ཕྲ་མའི་རང་བཞིན་སྡིག་པ་མང་པོ་ཅན།།མཐུན་དང་བྲལ་ལ་འཐབ་ཅིང་སྡང་བ་རྣམས།།མ་དང་རང་བཞིན་མཚན་མཱ་འདྲི་དག་ཡིན།།དེ་དག་དང
32a2 མེད་རབ་ཏུ་བྱུང་ནས་ནི།།འདྲེན་པའི་བསྟན་ལ་དེ་དག་སུན་ཡང་འབྱིན།།མཐུན་པ་གང་གིས་དགེ་འདུན་མཛེས་འགྱུར་ཏེ།།དེ་དག་ཆོས་མིན་ཚིག་གིས་འགུལ་བར་བྱེད།།
32a3 རྒྱལ་བ་རྣམས་ཀྱི་བསྟན་ལ་དེ་མ་ངེས།།མུ་སྟེགས་ཅན་ལྟར་སོ་མ་ཉི་ཐེ་ཚོམ་བཅས།།དེས་ནི་ཆོས་ལ་གླགས་གཏོང་འགྲལ་བྱས་ནས།།དད་མེད་དེ་ནི་ཆོས་ཀྱང་སྤོང
32a4 བར་བྱེད།།དེ་ཡི་ལོག་པ་ལྟ་བ་མ་སྤངས་ཏེ།།ཕྱི་རོལ་མུ་སྟེགས་ཅན་གྱིས་ནདུ་དུ་སྨོད།།དེས་ནི་བསྟན་པ་འདི་ལ་གཏིང་མི་ཚུགས།།ཆོས་གོས་འཆང་བ་ཙམ་གྱི
32a5 དགེ་སློང་བརྗོད།།བདག་མེད་རྡོ་རྗེ་ཤིན་དུ་སྒོམ་པོ་དེས།།འཇིག་ཚོགས་ལྟ་བ་འདི་དང་བྲལ་བ་ཡི།།དགེ་སློང་དྲི་ནི་བསྟན་འདར་ཡེ་ཤེས་ལ།།སྤྱོད་ཡུལ་རླུང
32a6 ལྟར་འདུས་བྱས་ཆགས་པ་མེད།།དད་པ་མེད་པ་ལས་ལ་ཡིད་མི་ཆས།སྡིག་པའི་སེམས་ཀྱི་དབང་དུ་སོང་ནས་ནི།།དྲིན་ཇི་ལྟར་གཞན་ལ་གཙེས་པ་བཞིན།།རིང
32a7 བི་མི་ཐོགསོང་ན་སོང་གནས་པར་འགྱུར།།རྒྱ་མཚོ་ཚལ་ཇི་ལྟར་ཆུ་གནས་བཞིན།།བསྟན་པ་འདི་ལ་དད་པ་གཞི་ཡིན་ཏེ།།གང་ཟག་གང་ཞིག་བསྟན་ལ་མ་དང
iiif viewer powered by OpenSeadragon
31b - 32b