| | e-texts navigator
|
31a1 དག་ནི་མ་དད་པའི་གང་ཟག་སྟོན་པའོ།།དེ་ནས་བཅོམ་ལྡན་འདས་ཀྱིསྡེ་དེའི་ཚོ་ཚིགས་སུ་བཅད་པ་འདི་དགྲ་བཀའ་སྩལ་ཏོ།།རྗེས་སུ་བསྟན་པ་མཐུན་པར
31a2 མི་འཛིན་པ།།ཁྲོ་ནུ་པ་རྙིང་པ་བཞིན་དུ་ཡོངས་སུ་སྤངས།།ཐར་དང་མི་མཐུན་རྐུན་བཞིན་འགྲོ་བ་དེ།།སྡང་སེམས་མུ་སྟེགས་ཅན་དང་ཁྱད་དེར་མེད།ལས་ཀྱི་རྣམ
31a3 པར་སྨིན་ལ་ཡིད་མེ་ཆེས།།ཡིད་མི་ཆིས་པས་གཞན་ལ་འདོམས་མི་བྱེད།།བདག་ཉིད་རི་རོབ་ཟོམ་ལྟར་མེཐོར་འཛིན་ཏོ།།ང་རྒྱལ་མོས་པ་དེ་ནི་དེ་བཞིན་བྱེད།།ལེགས།།།
31a4 པར་གསུངས་པའི་ཆོས་ནི་སྟོན་པ་ན།།སྡིག་པའི་སྤྱོད་ཡུལ་ཅན་དེ་མི་འཐོད་འཛིན།།དད་མེད་ཆོས་ལ་སོམ་ཉེས་བསྐྱེད་ནས་ནི།།བསྐོལ་པ་བྱེ་བ་མང་པོར་སྨོན་པར་འགྱུར།།
31a5 མ་དད་པ་ཡི་བསམ་པས་སྡིག་ཅན་འགྱུར།།བློ་སྡང་གང་གི་ཡིད་ཀྱི་བསྲུང་མི་བྱེད།།སྙིང་པོ་ནྡན་ཀུན་རྣམ་པར་སྤངས་ནས་ནི།།དད་པ་མེད་པས་སྙིགས་མ་འཛིན་པར
31a6 བྱེད།།འབྱིང་བར་བྱེད་ཅིང་རྟག་ཏུ་ཁེངས་པ་སྟེ།།མ་དད་དྲི་ནི་གཞན་ལ་འདུད་མི་བྱེད།།ཤི་ནུས་རིགས་ད་མར་སྐྱེ་བ་འཛིན་པར་འགྱུར།།དབུལ་པོར་འགྱུར་ཞིང
31a7 གཽཞན་ལ་འཁུ་བར་བྱུང་།།གང་ཟག་མ་དང་བདག་ཉིད་བླང་མི་བྱེད།།ཀླན་ཀ་འཚལོ་ཞིང་གཞན་གྱི་ཉེས་པ་འཛིན།།ནགས་ཀྱི་ཨེ་རན་ད་ཡི་ཤིང་ལྟ་བུ།།རོ་ནི་ཁྱིམ
iiif viewer powered by OpenSeadragon
30b - 31b