| | e-texts navigator
|
270a1 དེས་ན་བདག་གཞན་དོན་བྱེད་པའི།།ཕ་རོལ་ཕྱིན་པ་རྫོགས་པར་འགྱུར།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།རྒྱལ་པོ་གཟུགས
270a2 ཙཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བ་དང་།བྱང་ཆུབ་སེམས་དཔའོ་དེ་དག་དང་།དགེ་སློང་དེ་དག་དང་།ལྷ་དང་།མི་དང་།ལྷ་མ་ཡིན་དང་།དྲི་ཟེར་བཅས་པའི
270a3 འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོང་ངོ་།།འཕགས་པ་རིན་ཆེན་ཟླ་བས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།།
270a4 རྒྱ་གར་གྱི་མཁན་པོ་བེ་ཤུདྡྷ་སི་དྷ་དང་།ལོ་ཙཱ་པ་བནྡེ་དགེ་བ་དཔལ་གྱིས་བསྒྱུར།རྒྱ་གར་གྱི་མཁན་པོ་བི་དྱ་ཀ་ར་སིདྷི་དྲང་།སུས་ཆེན་གྱི་ལོ་ཙཱ་བ་བནྡེ་དེ་བ་ཙིནྡྲས་ཞུས་ཏེ་གཏན
270a5 ལ་ཕབ་པ།།རྒྱ་གར་སྐད་དུ།ཨཱརྱཀྵེ་མི་ཀ་ར་པེ་རི་བྲྀཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།བོད་སྐད་དུ།འཕགས་པ་བང་བྱེད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།སངས
270a6 རྒྱས་དང་བྱང་ཆུབ་སེ་ས་དཔའ་ཐམའི་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བ་དག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་ཤཱཀྱའི་ཡུལ་སེར་སྐྱའི་གནས་ན་ཤཱཀྱ
270a7 རྣམས་ཀྱི་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ནས་དགེ་སློང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅག་ཏུ་བཞུགས་སོ།།དེའི་ཚེ་ཤཱཀྱའི་བུ་བདོ་བྱེད་ཅེས་བྱ་བ་སེར
iiif viewer powered by OpenSeadragon
269b - 270b