e-texts navigator
Collection
Volume
Page
Wylie

269b1 ནི་འཛིན་འདི་ལ།།མེ་དང་ཆོམ་རྐུན་དུག་རྣམས་དང་།།མཚོན་གྱིས་ཚུགས་པར་མི་འགྱུར་རོ།།མཚན་འདི་དག་ནི་འཛིན་བྱེད་ན།།ཆུ་ཆེན་དག་གིས་དེ་མི་འཆི།།རྒྱལ་པོའི
269b2 གནོད་པས་མ་ཡིན་ཏེ།།དེ་ནི་ནམས་ཀྱང་ཆོས་མི་སྤོང་།།མཚན་མོ་ཐུན་ཚོང་དང་པོ་དང་།།གུང་དང་ཐ་མའང་དེ་བཞིན་ཏེ།།དུས་གསུམ་དག་ཏུ་མཚན་སྤོགས་དང་།།དྲང
269b3 སྲོང་མཆོག་ནི་དེ་དག་གི།མཚན་རྣམས་སྔ་དྲོ་སྒྲོགས་བྱེད་ཅིང་།།ཉི་མའི་དགུང་ལ་སྒྲོགས་བྱེད་དང་།།མཁས་པ་ནུབ་ཀར་སྒྲོགས་བྱེད་པ།།རྨི་ལམ་བཟང་པོ་མཐོང་བར
269b4 འགྱུར།།མཚན་རྣམས་བཟུང་ནས་དེ་འོག་ཏུ།།བསྐལ་པ་བྱེ་བ་སྟོར་རྣམས་སུ།།སྔན་ཆད་སྡིག་པ་ཅི་བསགས་པ།།མི་དག་ཐ་མས་ཅད་བཤགས་པར་བྱ།།དེ་ཡིས་ལུས
269b5 དག་ཡིད་ཀྱི་ལས།།མི་དགེ་གང་དག་བྱས་གྱུར་ན།།མཚན་རྣམས་བཟུང་ནས་དེ་འོག་ཏུ།།ཉེས་བྱས་དེ་ཡང་བཤགས་པར་བྱ།།ཡན་ལག་ལྔ་ཡིས་གཏུགས་ནས་ནི།
269b6 རྒྱལ་རྣམས་བྱང་ཆུབ་སྔོན་རོལ་ཏུ།།དུས་གསུམ་དགེ་བ་ཅི་བསགས་པ།།དེ་ཀུན་རྗེས་སུ་ཡི་རངས་བྱ།།འཇིག་རྟེན་རྩ་ལག་རྣམས་ཀྱིས་ནི།།བྱང་ཆུད་བརྙས་ནས་ཆོས
269b7 གསུངས་དང་།།ལུས་ཅན་གང་དག་འཇིག་རྟེན་གྱི།།མགོན་པོ་རྣམས་ལ་མཆོད་བྱེད་པ།།དེ་ལ་རྒྱལ་བའི་སྲས་རྣམས་ཀྱིས།།ཉིན་མཚན་དུས་གསུམ་ཡི་རངས་བྱ།།




iiif viewer powered by OpenSeadragon

269a - 270a

Texts on this page

N150 - 'phags pa rin chen zla bas zhus pa zhes bya ba theg pa chen po'i mdo