| | e-texts navigator
|
269a1 བསམ་མི་ཁྱབ།།དགེ་འདུན་ལ་ཡང་སྐྱབས་སུ་མཆི།།བྱང་ཆུབ་སེམས་དཔའ་འཇིགས་པ་མེད།།གང་དག་བཟོད་ལ་རབ་གནས་ཤིང་།།གླང་དག
269a2 གཟུས་ལ་གནས་པ་དང་།།གང་དག་མཚུངས་མེད་སྟོང་ཉིད་ཚུལ།།མཚན་ཉིད་ཀྱི་ནི་མདོ་སྡེ་དང་།།བྱང་ཆུབ་རྒྱུར་འགྱུར་སྡེ་སྣོད་དང་།།མཐུན་པར་འཇུག་པའི་མདོ་སྡེ
269a3 ལ།།ལེགས་བསླབས་བྱང་ཆུབ་སེམས་རྣམས་ལྟར།།ཐུབ་པ་བདག་ནི་བྱང་ཆུབ་ཀྱི།།སྤྱད་པ་སྤྱོད་ཅིང་སློབ་པར་འཚོལ།།རང་བྱུང་དེ་དག་ཇི་བཞིན་དུ།།ཞིང་གི་བཀོདཔ
269a4 རྣམས་དག་དང་།།སྤྱོད་དང་སྤྱོད་ཡུལ་ཏང་འཛིན་དང་།།དེ་དག་གི་ནི་ཡོན་ཏན་དང་།།དྲང་སྲོང་མཆོག་རྣམས་སྐུ་ཚེའི་ཚད།།གསུངས་པ་གང་ལགས་རྫོགས་པར
269a5 བེཧྲི།།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་དང་།།རིན་ཆེན་ཟླ་བ་གཞན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།།
269a6 འཇིག་རྟེན་མགོན་པོ་དེ་རྣམས་ཀྱི།།མཚན་ནི་གང་ཞིག་འཛིན་བྱེད་པ།།མ་འོངས་དུས་ན་དེ་དག་ཀུན།།རྐང་གོཉིས་རྣམས་ཀྱི་མཆོག་ཏུ་འགྱུར།།ང་ཡིས་ཇི་སྐད་གསུངས
269a7 པ་བཞིན།།དྲང་སྲོང་མཆོག་བཞུགས་དེ་དག་ལྟར།།དེ་དག་ཚེ་ཡང་བསྐལ་པ་ནི།།བྱེ་བ་བས་མ་ཡས་སྙེད་དུ་འགྱུར།།གང་ཞིག་སྐྱབས་པ་དེ་དག་གི།མཚན་འདི་དག
iiif viewer powered by OpenSeadragon
268b - 269b