e-texts navigator
Collection
Volume
Page
Wylie

267b1 ཡུད་ཙམ་ཅིག་ལ་རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ།།སྐད་ཅིག་བང་ཅིག་ཡུད།།
267b2 ཙམ་ཅིག་ལ་དེ་དག་གིས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ།།ཐམས་ཅད་ཀྱི་ཚེའི་ཚད་ཀྱང་མཉམ་མོ།།གཞོན་ནུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
267b3 རྒྱས་དེ་དག་ཐམས་ཅད་ཀྱང་ཉི་མ་གཅིག་ཏུ་སྐད་ཅོག་ཐང་ཅིག་ཡུད་ཙམ་ཅིག་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ།།དེ་སྐད་ཅེས་བཀའ་སྩལ་པ་དང་།བཅོམ་ལྡན་འདས
267b4 ལ་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
267b5 རྒྱས་དེ་དག་གི་སྐུ་ཚེའི་ཚད་ནི་ངོ་མཚར་ལེགས་ཏེ།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་དག་གིས་ནི་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་སླད་དུ་སྐུ་ཚེའི་ཚེད་དེ་ཙམ
267b6 དུ་རིང་བ་བཞེས་ལེགས་སོ།།བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དེ་བཞིནི་གཤེགས་པ་དེ་རྣམས་ཀྱི་སྐུ་ཚེའི་ཆད་འདི་ལ་དེ་བཞིན་དུ་འཛིན་ཅིང
267b7 ཡིད་ཆེས་ལ་སྤོང་བར་མི་བགྱིད།འདོར་བར་མི་བགྱིད་པ་དེ་ལ་བསོད་ནམས་ཇི་ཙམ་སྐྱེ་བར་འགྱུར་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།གཞོན་ནུ་སྟོང་གསུམ




iiif viewer powered by OpenSeadragon

267a - 268a

Texts on this page

N150 - 'phags pa rin chen zla bas zhus pa zhes bya ba theg pa chen po'i mdo