| | e-texts navigator
|
267a1 བའི་བསྐལ་བ་ཞི་གཟུང་སྟེ།དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དགུ་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།བདེ་བར
267a2 གཤེགས་པ།འཇིག་རྟེན་མཁྱེན་པ།སྐྱེས་བུ་འདུལ་བ།ཁ་ལོ་སྒྱུར་བ།བླ་ན་མེད་པ།ལྷ་དང་མེ་རྣམས་ཀྱི་སྟོན་པ།སངས་རྒྱས་བཅོམ་ལྡན་འདས་རྒྱ་མཚོའི་དཔལ་ཞེས
267a3 བྱ་བ་ཞིག་འཇིག་རྟེན་དུ་བྱུང་སྟེ།དེར་དེ་བཞིན་པཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅུ་པོ་འདི་དག་ཐམས་ཅད་ལྷན་ཅིག་ཏུ་མཐུན་པར་དགེ་བའི
267a4 རྩ་བ་བསྐྱེད་དེ།ཟས་དང་།སྐོམ་དང་།བཟའ་བ་དང་།བཅའ་བ་རྣམ་པ་སྣ་ཚོགས་དང་།མེ་ཏོག་དང་།སྤོས་དང་།མེ་ཏོག་དྲེང་བ་དྲང་།བྱུག་པ་དང་།གདུགས་དང་།།
267a5 རྒྱལ་མཚན་དང་།བ་དན་གྱི་རྣམ་པ་དཔག་ཏུ་མེད་དྲངས་མེད་པས་བཅོམ་ལྡན་འདས་དེ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཐམས་ཅད་ཀྱིས་ལྷན་ཅིག་ཏུ་མཐུན་པར་བླ་ན་མེད
267a6 པོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ།ཐམས་ཅད་ཀྱིས་ཉི་མ་གཅིག་ཏུ་སྐད་ཅིག་ཁང་ཅིག་སྲིད་ཙམ་ཅིག་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར
267a7 ཏོ།།དེ་ནས་དེ་དག་གིས་རིམ་གྱིས་བྱང་ཆུབ་སེམས་དཔེའི་སྤྱོད་པ་སྤྱད་ནས།བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱས་ཏེ།སྐད་ཅིག
iiif viewer powered by OpenSeadragon
266b - 267b