| | e-texts navigator
|
266b1 ཐོག་མར་དགེ་བ།བར་དུ་དགེ་བ།ཐ་མར་དགེ་བའི་ཆོས་སྟོན་ཏོ།།འདི་སྐད་ཅེས་ཀྱང་སྟོན་ཏོ།འདི་ལྟར་སའི་ཁམས་མེད་པར་མི་འགྱུར་རོ།།དེ་བཞིན་དུ་ཆུའི་ཁམས་དང་།།
266b2 མེའི་ཁམས་དང་།རླུང་གི་ཁམས་དང་།སྐྱེ་དགུའི་བདག་པོ་ཚངས་པ་དང་།གཟུགས་དང་།ཚོར་བ་དང་།འདུ་ཤེས་དྲང་།འདུ་བྱེད་དང་།རྣམ་པར་ཤེས་པ་མེད
266b3 པཱར་མི་འགྱུར་རོ་ཞེས་སྟོན་ཏོ།།རིགས་ཀྱི་བུའམོ་རིགས་ཀྱི་བུ་མོའང་རུང་དེའི་མཚན་ཐོསྔ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་ཆོས།།
266b4 རིན་པོ་ཆེ་བླ་ན་མེད་པའང་ཐོབ་པར་འགྱུར་རོ།།གཞོན་ནུ་དེ་ལྟར་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའང་རུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
266b5 སྤྱོད་པ་དང་།ཡོན་ཏན་ཕུན་སུམི་ཚོགས་པ་དང་།ཡེ་ཤེས་ཕུན་སུམ་ཚོགས་པ་དང་།ཚུལ་ཁྲིམས་དང་།ཏིང་ངེ་འཛིན་དང་།ཤེས་རབ་དང་།རྣམ་པར་གྲོལ་བ་དང་།
266b6 རློམ་པར་གྲོལ་བའི་ཡེ་ཤེས་གཟེགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་དག་གི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར
266b7 རོ།།གཞིན་ནུ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་བས་ཀྱང་ཆས་གྲངས་མེད་པ་ཡུན་རིང་པོ་ཚད་མེད་པ་འདས་པ་དེའི་ཚེ་རིན་ཆེན་འབྱུང་གནས་ཞེས་བྱ
iiif viewer powered by OpenSeadragon
266a - 267a