| | e-texts navigator
|
266a1 ཡད་དུ།འཇིག་རྟེན་གྱི་ཁམས་དེའང་ལག་མཐི་བལྟར་མཉམ་པར་གྱུར་བ།རིན་པོ་ཆེ་སྣ་བདུན་གྱིས་ལེགས་པར་བརྒྱན་པ།གསེར་གྱིས་གཞིར་འདུག
266a2 ཅིང་མིག་མངས་རིས་སུ་བྲེས་པ།རིན་པོ་ཆེའི་ཤིང་ལྡན་པས་ལེགས་པར་བརྒྱན་པ།སེམས་ཅན་དམྱལ་བ་དང་།དུད་འགྲོའི་སྐྱེ་གནས་དང་།ཡི་དགས་དང་།ལྷ་མ
266a3 ཡིན་གྱི་ཚོགས་རྣམས་མེད་པ།རྩཝ་དང་།ཤིང་སྐམ་དང་།ཚེར་མ་དང་།རྡོ་དང་།གསེག་མ་དང་།གྱོ་མོ་དག་མེད་པ།ངམ་གྲོགས་དང་།ག་ཡང་ས་མེད་པ།
266a4 མེ་ཏོག་གི་སིལ་མེ་དག་བཀྲམ་པ་ཡིན་ཏེ།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནོར་དཔལ་ཞེས་བྱ་བ་ད་ལྔར་བཞུགས་ཤིང་འཚོ
266a5 ལགཞེས་ཏེ།བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ།རིག་པ་དང་ཞབས་སུ་ལྡན་པ།བདེ་བར་གཤེགས་པ།འཇིག་རྟེན
266a6 མཁྱེན་པ།སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ།ལྷ་དང་མི་རྣམས་ཀྱི་སྟོན་པ།སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས
266a7 བརྩོན་པའི་སྐུ་གོ་སེར་ལེགས་པར་བཅོས་ཤིང་ལེགས་པར་དུལ་བ་ལྟ་བུ།རིན་པོ་ཆེའི་རྒྱན་ལེགས་པོར་བཀོད་པ་བཞིན་དུ་འཁོར་གྱི་ནང་ན་མཛེས་པར་བཞུགས་ཤིང་།
iiif viewer powered by OpenSeadragon
265b - 266b