e-texts navigator
Collection
Volume
Page
Wylie

265b1 དུ་སྔ་མ་བཞིན་དུ་སྦྱར་རོ།།རིགས་ཀྱི་བུའམ་རིགས་ཀྱི་བུ་མོའང་རུང་།དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་ཉེ་བར།
265b2 ལེན་པའི་ཉོན་མོངས་པ་ཐམས་ཅད་ཟད་པར་ཡང་རྗེས་སུ་འཛིན་པར་འགྱུར་རོ།།གཞོན་ནུ་སངས་རྒྱས་ཀྱི་ཞིང་འདི་ནས་སྟེང་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ
265b3 བྱབ་གྲངས་མེད་པ།དཔག་ཏུ་མེད་པ།བསམ་གྱིས་མི་ཁྱབ།གཞལ་དུ་མེད་པ་དེ་སྙེད་བྱདས་པ་ན་འཇིག་རྟེན་གྱི་ཁམས་ཟློ་བ་ཅན་ཞེས་པ་ཞིག་ཡོད་དོ།།འཇིག་རྟེན་གྱི
265b4 ཁམས་ཟླ་བཙུན་ཞེས་བྱ་བ་དེ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཇི་སྙེད་ཅིག་འདས་པ་ན་ཡོད་ཅེ་ན་གཞན་ནུ་འདི་ལྟ་སྟེ།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས
265b5 འདི་སྲིད་པའི་རྩེ་མོའི་བོར་དུ་བྱེ་མས་ཡོངས་སུ་གང་བར་གྱུར་ལ།དེ་ནས་མི་ལ་ལ་ཞིག་གིས་བྱེ་མ་དེ་ལས་འབྲུ་རེ་རེ་ནས་བླངས་ཤིང་སྟེང་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་རེ་རེར
265b6 བྱེ་མོ་འབྲུ་རེ་འཇོག་པར་བྱེད་པ་དེ་ལྟ་བུའི་ཚུལ་གྱིས་བྱེ་མ་དི་ཐམས་ཅདྲ་སྟེང་གི་ཕྱོགས་སུ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་གྱུར་ཀྱང་སངས་རྒྱས་ཀྱི་ཞིང་དེ་དག་གི་ཚད
265b7 དོམ་མཛེའི་རྟོགས་པར་མི་ནུས་པའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམོ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ཞེས་བྱ་བ་དེ




iiif viewer powered by OpenSeadragon

265a - 266a

Texts on this page

N150 - 'phags pa rin chen zla bas zhus pa zhes bya ba theg pa chen po'i mdo