| | e-texts navigator
|
265a1 བྱ་བའི་བར་སྔ་མ་བཞིན་དུ་སྦྱར་རོ།།རིགས་ཀྱི་བུའམ་རིགས་ཀྱི་བུ་མོའང་རུང་།དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར།།
265a2 མི་ལྡོག་པར་འགྱུར་ཞིང་བྱང་ཆུབ་སེམས་བའི་སྤྱོད་པ་དང་ཚུལ་ཐམས་ཅད་ལ་མཁས་ཤིང་ཕ་རོལ་ཏུ་ཕྱིན་པའི་ཤེས་པའང་ཡོངས་སུ་འཛིན་པར་འགྱུར་རོ།།གཞོན་ནུ་འདི
265a3 ནས་འོག་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲོག་ཁྲིག་འབུམ་ཕྲག་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཡངས་པ་དང་ལྡན་པ་ཞེས་བྱ་བ་ཞིག་ཡོད་དོ།།
265a4 གྲཞོན་ནུ་དེ་ལ་ཇི་སྙམ་དུ་སེམས།ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཡངས་པ་དང་ལྡན་པ་ཞེས་བྱ་ཞེ་ན།འཇིག་རྟེན་གྱི་ཁམས་དེ་ལག་མཐིལ་ལྟར་མཉམ་པར་གྱུར་པ།
265a5 རི་མེད་ཅིང་ཁོར་ཡུག་དང་།ཁྲོར་ཡུགྲོ་ཆེན་པོ་མེད་དེ།སངས་རྒྱས་ཀྱི་ཞིང་དེ་ན་རི་ཞེས་བྱ་བའི་མིང་ཡང་ཡེ་མེད་པས་ན་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཡངས་པ་དང
265a6 ལྡན་པ་ཞེས་བྱའོ།།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སོངས་རྒྱས་སྣང་བའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོལ་གཞེས་ཏེ།།
265a7 བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་བྱ་བའི་བར
iiif viewer powered by OpenSeadragon
264b - 265b