| | e-texts navigator
|
264b1 རྒྱུརྒྱས་མེ་ཏོག་དངལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལྔ་གཞེས་ཏེ།བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཆེས་སྟོན་ཏོ།།ཞེས
264b2 བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ།།རིགས་ཀྱི་བུ་འམོ་རིགས་ཀྱི་བུ་མོའང་རུང་།དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག
264b3 པོར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུརོ་ཞིང་མེ་ཏོག་ལྟེར་མི་དགེ་བའི་ཆོས་རྣམས་ཀྱིས་ཀྱང་གོས་པར་མི་འགྱུར་རོ།།གཞོན་ནུ་འདི་ནས་བྱང་ཤར་གྱི་ཕྱོགས
264b4 མཚམས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་པ་བུམ་ཕྲག་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་བདེ་ལྡན་ཞེས་བྱ་བ་ཞིག་ཡོད་དེ།འབྱོར་པ་དང་།རྒྱས་པ
264b5 དང་།བདེ་བ་དང་།ལོ་ལེགས་པ་དང་།སྐྱེ་བོ་དང་།མི་མེང་པོས་གང་ཞིང་ལག་མཐིལ་ལྟར་མཉམ་པར་གྱུར་པ་ཞེས་བྱ་བ་ནོས་སྔ་མ་བཞིན་དུ་སྦྱར་རོ།།དེ་ན་དེ་བཞིན
264b6 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པ་ཆུང་ངུ་དང་།འབྲིང་དང་།ཆེན་པོས་རྣམ་པར་རོལ་པ་ཞེས་བྱ་བ་ད་ལྟར་བཞུགས་ཤིང
264b7 འཆོལ་གཞེས་ཏེ།བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ།
iiif viewer powered by OpenSeadragon
264a - 265a