e-texts navigator
Collection
Volume
Page
Wylie

263b1 པ་དེའི་འོད་ཀྱིས་སྣང་བར་བྱས་པ་ན།དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཟླ་བ་སྣང་བ་ཞེས་བྱའོ།།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
263b2 མྱ་ངན་མེད་པའི་དཔལ་ཞེས་བྱ་བ་དེ་ལྟར་བཞུགས་ཤིང་འཚལ་གཞས་ཏེ།བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན
263b3 ཙོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་རྨེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མོ་བཞིན་དུ་སྦྱར་རོ།།རིགས་ཀྱི་བུའམ་རིགས་ཀྱི་བུ་ནཱིའང་རུང་།དེའི་མཆེན་པོས་ན་བླ་ན་མེད་པ་ཡང
263b4 དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།།གཞོན་ནུ་འདི་ནས་ལྷོ་ནུབ་ཀྱི་ཕྱོགས་མཚམས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དེ
263b5 སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་རྟོག་དང་ལྡན་པ་ཞེས་བྱ་བ་ཞོག་ཡོད་དེ།ལག་མཐིལ་ལྟར་མཉམ་པར་གྱུར་པ་ཞེས་བྱ་བ་ནས་སྔ་མོ་བཞིན་དུ་སྦྱར་རོ།།དེ་ན་དེ་བཞིན
263b6 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་མཆོད་སྡོང་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚལ་གཞེས་ཏེ།བྱང་ཆུབ་སེམས་དཔས་ཡོངས
263b7 སུ་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ནས་རྣམ་པོར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ།།རིགས




iiif viewer powered by OpenSeadragon

263a - 264a

Texts on this page

N150 - 'phags pa rin chen zla bas zhus pa zhes bya ba theg pa chen po'i mdo