| | e-texts navigator
|
262b1 ལས་ཕྱིར་མི་ལྡོག་པར་འགྱུར་རོ།།གཞོན་ནུ་འདི་ནས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་སྔ་མ་ཇི་སྙེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི
262b2 ཁམས་བཟང་པོ་ཞེས་བྱ་བ་ཞིག་ཡོད་དེ།ལག་མ་ལ་ལྟར་མཉམ་པར་གྱུར་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་ཏེ།ཇི་ལྟར་གོང་དུ་བསྟན་པ་བཞིན་ནོ།།དེ་ན་དེ་བཞིན
262b3 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་པོ་མཐའ་ཡས་ཞེས་བྱ་བ་དེ་ལྟར་བཞུགས་ཤིང་འཆོལ་གཞེས་ཏེ།བྱང་ཆུབ་སེམས་དཔས་ཡོངས
262b4 སུ་བསྐོར་ཅིང་།བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པོ་ལ་ཐིག་མར་དགེ་བ།བ་རཽ་དུ་དགེ་བ།ཐ་མར་དགེ་བའི་ཆོས་སྟོན་ཏོ།།འདི་སྐད་ཅེས་ཀྱང་ཆོས་སྟོན་ཏོ་ཞེས་བྱ
262b5 པ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ།།གཞོན་ནུ་གཞན་ཡང་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོའང་རུང་དེ་བཞིན་གཤེགས
262b6 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་མཚོན་ཐོས་ན་བླ་ན་མོད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་འོད་དེའང་ཉམས
262b7 སུ་མྱོང་ངོ་།།གཞོན་ནུ་དེ་ནས་བྱང་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་སྔ་མོ་ཇི་སྙེད་པ་དེ་སྙེད་པ་འདས་པ་ན་འཇིག་རྟེན་གྱི་ཁམས་འཁྲུག
iiif viewer powered by OpenSeadragon
262a - 263a