| | e-texts navigator
|
262a1 པར་འགྱུར་རོ།།གཞོན་ནུ་འདི་ནས་ལྷོ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིགྲོ་འབུམ་ཕྲག་གྲངས་མེད་པ་སྔ་མ་ཇི་སྙེད་པ་དེ་སྙེད་འདས་པ་ན་འཇིག
262a2 རྟེན་གྱི་ཁམས་དགའ་བ་ཞེས་བྱ་བ་ཞིག་ཡོད་དེ།ལག་མཐོལ་ལྟར་མཉམ་པ་ཞེས་བྱ་བ་ནོས་སྔ་མ་བཞིན་དུ་སྦྱར་རོ།།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
262a3 པར་རྫོགས་པའི་སངས་རྒྱས་ཙོནྡན་དཔལ་ཞེས་བྱ་བ་དེ་ལྟར་བཞུགས་ཤིང་འཚལ་གཞེས་ཏེ།བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས
262a4 བལྟས་པ་ལ་ཐོག་མར་དགེ་བ།བར་དུ་དགེ་བོ།ཐ་མར་དགེ་བའི་ཆོས་སྟོན་ཏོ།།ཞེས་བྱ་བ་ནས་རྣམ་པར་ཤེས་པར་མེད་པར་མི་འགྱུར་རོ།།ཞེས་བྱ་བའི་བར་དུ་སྔ་མ
262a5 བཞིན་དུ་སྦྱར་རོ།།གཞོན་ནུ་དེ་ལ་ཇི་སྙམ་དུ་སེམས།ཅིའི་ཕྱིར་དེ་བཞིན་གཤེགས་པ་དོ་ཙནྡན་དཔལ་ཞེས་བྱ་ཞེ་ན།གཞོན་ནུ་དེ་བཞིན་གཤེགས་པ་དེའི་སངས་རྒྱས
262a6 ཀྱི་ཞིང་དེ་ཐམས་ཅད་ཙནྡན་གྱི་ཁང་པ་བརྡེགས་པས་ཡོངས་སུ་ཁྱབ་པས་ན་དེའི་ཕྱིར་དེ་བཞིན་གཤེགས་པ་དེའི་མཚན་ཙནྡན་དཔལ་ཞེས་བྱའོ།།གཞན་ཡང་རིགས་ཀྱི་བུ
262a7 དམ་རིགས་ཀྱི་བུ་མོའང་རུང་དེ་བཞིན་གཤེགས་པ་དགྲ་བཅོམ་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་མཚན་ཐོས་ནི་བླ་ན་མེད་པ་ཡོང་དག་པར་རྫོགས་པའི་བྱང་ཆུབ
iiif viewer powered by OpenSeadragon
261b - 262b