| | e-texts navigator
|
261b1 བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ནི་བསྒྲལ་པ་བྱེ་བ་ཕྲག་དྲུག་ཅུ་ལོན་ནོ།།གཞོན་ནུ་གཞན་ཡང་སངས་རྒྱས་ཀྱི་ཞིང་དེ་ན་ཉིན་མོ་དང་།མཚན་མོའི་མིང་ཡང་མེད།
261b2 དེ།ཛམྦུ་གླིང་གི་རྩ་བའི་ཐབས་འདིས་དཔེར་བྱ་བ་ནི་མ་གཏོགས་སོ།།སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་ཀྱང་རྟག་ཏུ་དེ་བཞིན་གཤེགས་པ་དེའི་འོད་ཀྱིས་སྣང་བར་འདུག་གོ།
261b3 གཞོན་ནུ་གཞན་ཡང་དེ་བཞིན་གཤེགས་པ་ངོས་ཆོས་བསྟོན་པ་རེ་རེས་ཀྱང་སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ལ་འགོད་པར་མཛད་དོ།།
261b4 བཟོད་པ་དང་པོ་དང་།བཟོད་པ་གཉིས་པ་དང་།བཟོད་པ་གསུམ་པ་ལ་ནི་དེའི་ཉིས་གྱུར་འགྲོད་པར་མཛད་དོ།།གཞོན་ནུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ
261b5 ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པས་སངས་རྒྱས་ཀྱི་ཞིང་གཞན་དག་ན་གང་དག་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བྱ་བ་བྱས་ཤིང་དགེ
261b6 བའི་རྩ་བ་བསྐྱེད་པའི་སེམས་ཅན་དག་གི་ལུས་ལ་འོད་ཀྱིས་རེག་པ་དེ་དག་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ།།གཞོན་ནུ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འདྲ་རུང་ངོ
261b7 བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་བཟང་པོ་དེའི་མཚན་པོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བྱེར་མི་ལྡོག
iiif viewer powered by OpenSeadragon
261a - 262a