e-texts navigator
Collection
Volume
Page
Wylie

260b1 ཤིག་ཡོད་དོ།།འཇིག་རྟེན་གྱི་ཁམས་མྱ་དྲན་མེད་པ་ཞེས་བྱ་བ་དེ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཇི་སྙེད་ཅིག་འདས་པ་ན་ཡོད་ཅེན།གཞོན་ནུ་དཔེར་ན་སྟོང་གྲསུམ་གྱི་སྟོང་ཆེན
260b2 པོའི་འཇིག་རྟེན་གྱི་ཁམས་འདི་སྲིད་པོའི་རྩེ་མོའི་བར་དུ་བྱམས་ཡོངས་སུ་གྲང་བར་གྱུར་ལ།དེ་ནས་མི་ལ་ལ་ཞིག་གིས་བྱེ་མདོའི་སྲ་འབྲུ་རེ་རི་ནས་བླངས་ཤིང་ཤར་ཕྱོགས་ཀྱི
260b3 སངས་རྒྱས་ཀྱི་ཞིང་རེ་རེར་བྱེ་མ་འབྲུ་རེ་འཇོག་པར་བྱེད་པ་དེ་ལྟ་བུའི་ཚུལ་གྱིས་བྱེ་མ་དེ་ཐམས་ཅད་ཤར་ཕྱོགས་སུ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་གྱུར་ཀྱང་།སངས།
260b4 རྒྱས་ཀྱི་ཞིང་དེ་དག་ཚད་དམ་མཐའ་རྟོགས་པར་མི་ནུས་པའི་སངས་རྒྱས་ཀྱི་ཞིང་བྱེ་བོ་ཁྲག་ཁྲིག་འབུམ་ཕྲག་དཔོག་ཏུ་མེད་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མྱ
260b5 ངན་མེད་པ་ཞེས་བྱ་བ་དེ་ཡོད་དེ།འཇིག་རྟེན་གྱི་ཁམས་དེའང་ལག་མཐིལ་ལྷོར་མཉམ་པར་གྱུར་པ།རིན་པོ་ཆེ་སྣ་བདུན་གྱིས་ལེགས་པར་བརྒྱན་པ།གསོར་གྱིས་གཞིར
260b6 འདུག་ཅིང་།མིག་མོངས་རིས་སུ་བྲིས་པ།རིན་པོ་ཆེའི་ཤིང་ལྗོན་པས་བརྒྱན་པ།སེམས་ཅན་དམྱལ་བ་དང་།དུད་འགྲོའི་སྐྱེ་གནས་དང་།ཡི་དགས་དང་།ལྷ་མ་ཡིན་གྱི་ཚོགས་རྣམས
260b7 མེད་པ་རྩ་དང་།ཤིང་སྐམ་དང་།ཚེར་མ་དང་།རྡོ་དང་གསེག་མ་དང་།གྱོ་མོ་དག་མེད་པོ།ངམ་གྲོག་དང་དེ་ཡང་སོ་མེད་པ།མེ་ཏོག་སིལ་མ་དག་བཀྲམ་པ་ཡིན།




iiif viewer powered by OpenSeadragon

260a - 261a

Texts on this page

N150 - 'phags pa rin chen zla bas zhus pa zhes bya ba theg pa chen po'i mdo