| | e-texts navigator
|
260a1 ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང་།སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་དང་།འཇིག་རྟེན་ལ་སྙིང་བརྩེ་བ་དང་།སྐྱེ་བོའི་ཚོགས་པལ་པོ་ཆེའི་དོན་དང་།ལྷ་དང
260a2 མི་རྣམས་ལ་ཕན་པ་དང་།དདེ་བའི་ཕྱིར་ཞུགས་པ་དང་།ད་ལྟར་དང་།མི་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བའི་ཕྱིར།།
260a3 ཞུགས་ཏེ།གཞོན་ནུ་ཁྱོད་དེ་བཞིན་ག་ཤུགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་ཞུ་བར་སེམས་པ་ལེགས་སོ།།གཞོན་ནུ
260a4 ཁྱོད་ཀྱི་ཞུ་བ་བཟང་སྟེ་སྤོའོས་པ་དགེའོ།།དེའི་ཕྱིར་གཞོན་ནུ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་དོ།།སེམས་རྩེ་གཅིག་ཏུ་རྣ་བ་བླགས་ཏེ
260a5 སེམས་སྡུས་ལ་སོམས་ཤིག་དང་།དོན་དེ་ངས།ཁྱོད་ལ་བཤད་དོ།།དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས
260a6 གསོལ་ནས་བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་།བཅོམ་ལྡན་འདས་ཀྱིས་དྲི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།གཞོན་ནུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ
260a7 སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་བསམ་གྱིས་མི་ཁྱབ་གཞལ་དུ་མེད་པ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པོ་ཞེས་བྱ་བ
iiif viewer powered by OpenSeadragon
259b - 260b