| | e-texts navigator
|
259b1 གིས་ལམ་མ།ལྷན་ན།ལྷང་ངེ་སྟེ་གཤེགས་པ་མཐོང་ངོ་།།མཐོང་ནུས་ཀྱང་།སེམས་དད་པར་གྱུར་ཏོ།།སེམས་དད་པར་གྱུར་ནས་གླང་པོ་ཆེའི་སྟེང་ནས་སྦྱིན་པར་བབས
259b2 ཏེ།བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ།བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ
259b3 འདུག་གོ།བཅོམ་ལྡན་འདས་ལ་ཞེ་ས་དང་བཅས།གུས་པ་དང་བཅས་པས་ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་བཅོམ
259b4 ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལོ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་རིགས་ཀྱི་བུའམ།རིགས་ཀྱི་བུ་མོ་དད་པ་ཅནྡ
259b5 གང་དག་གིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ས་བཅུ་པོ་དག་གི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི
259b6 བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་བུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།བདེ་བོར་གཤེགས་པས་བཤད་དུ་གསོལ།དེ་སྐད་ཅེས་གསོལ་པ་དང་།
259b7 བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་པནི་སྙིང་པོའི་སྲས་བྱེའུ་རིན་ཆེན་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།གཞོན་ནུ་ལེགས་སོ།།ལེགས་སོ།།གཞོན་ནུ་ཁྱོད་འདི
iiif viewer powered by OpenSeadragon
259a - 260a