| | e-texts navigator
|
259a1 ཏྱནནྡན་ཆེན་རྣ་བ་ཞེས་བྱུ་བ་གླང་བ་ནའི་ལྕུག་བརྒྱད་པ་ཞེས་བྱ་བ་ཛིན་པོ་ཆེ་སྣ་བདུན་གྱིས་བནྡན་ཅིང་གྱིས་གྱིས་དྲ་བས་གཡོགས་པ།དྲིལ་དུག་ཡང
259a2 ཁ་སྦྱངས་པ།གསོར་གྱིས་སྤྲས་པའི་དར་གྱི་ལྡ་ལྡི་མང་པོས་མཛེས་པར་བྱས་པོ།བདུག་དྲིས་གདུགས་པ།མེ་ཏོག་སིལ་མས་གཏོར་བ།རྒྱལ་མཚན་དང་བ་དན
259a3 སྒྲེང་བ།གདུགས་དང་རབས་བརྒྱན་པ།རིན་པོ་ཆེའི་ཤིང་ལྗོན་པས་མཛེས་པར་བྱས་པ།སྟེགས་བུ་བདུན་གྱིས་ཁོ་ར་ར་ཁོར་ཡུག་དགྲ་བསྐོར་བ་ལྔ་ཞོན་ནས་རྒྱལ་པོའི
259a4 འབྱོར་པ་ཆེན་པོ་དང་།རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ།སེམས་ཅན་ཐམས་ཅད་ལ་སྦྱིན་པ་དག་སྦྱིན་ཞིང་སོང་བ་ལས
259a5 གཞོན་ནུ་རིན་ཚན་ཟླ་བས་ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་མཛེསྭ་པ།དོང་བར་བྱ་བ།དབང་པོ་དུལ་བ་ཐུགས་དུལ་བ།ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན
259a6 པ།དུལངབ་དང་ཞི་བའི་མཆོག།དུལ་བ་དང་ཞིང་དམ་པའི་ཕ་རོལ་ཏུ་ཕྱིན་པ།གཙོ་བོ་ཆེན་པོ།དབང་པོ་བསྲུང་བ།དབང་པོ་རྡུལ་བ།མཚ་ལྟར་དང་ཞིང་གསལ་ལ
259a7 རྙོག་པ་མེད་པ།སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངའ་བ།དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་གསེར་གྱི་མཆོད་སྡོང་ལྟར་འཕགས་ལ་དཔལ་གྱི་མཆོག
iiif viewer powered by OpenSeadragon
258b - 259b