| | e-texts navigator
|
258b1 པོ་ཁམས་གསུམ་རྣམ་པར་གནོན་པ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རིན་པོ་ཆེ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོ་དང་།
258b2 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རོ་ནི་ཆེན་འབྱུང་གནས་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་སྡུག་དང་།དེ་དག་ལ་སོགས་པ་བྱང་ཆུབ་སེམས
258b3 དོདཔའ་དགུ་ཁྲི་དང་།།ལྷའི་བུ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ངག་དང་།རྒྱལ་པོ་ཆེན་པོ་བཞི་དང་།ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གཡོག་འཁོར་ལྷའི་བུ་འབུམ་ཕྲག་དུ་མ་དང
258b4 བཅས་པ་དང་།མི་མཛད་ཀྱི་བདག་པོ་ཚངས་པ་གཡོག་འཁོར་ཚངས་རིས་ཀྱི་ལྷའི་བུ་འབུམ་ཕྲག་དུ་མ་དང་བཅས་པ་དང་།ཀླུའི་རྒྱལ་པོ་རྒྱ་མཚོ་དང་།ཀླུའི་རྒྱལ་པོ་མ་ངེས་པ་དང་།ཀླུའི
258b5 རྒྱལ་པོ་ཨཱ་ལའི་བདབ་དང་།ཀླུའི་རྒྱལ་པོ་ཀུན་ཏུ་གྲགས་དང་།དེ་དག་ལ་སོགས་པ་ཀླུ་བུ་མེ་ཕྲག་དུ་མ་དང་།གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འདྲོག་གནས་དང་།ཁཾ་སྤུ་ཅན་དང་།
258b6 རྩི་སྨན་དང་།བོང་བུ་དང་།དེ་དག་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་འབུམ་ཕྲག་དུ་མ་དང་ཐབས་ཅིག་ཏུ་བཞུགས་སོ།།དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ།ཤམ
258b7 ཐབས་དང་ཆོས་གོས་གསོལ་ཏེ།ལྷུང་བཟེད་བསྣམས་ན་ས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་སོ།།དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས
iiif viewer powered by OpenSeadragon
258a - 259a