e-texts navigator
Collection
Volume
Page
Wylie

24b1 བྱས་པས།བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ངོ་ཞེས་ཐོས་སོ།།དེ་ནས་རྒྱལ་པོ་ཚངས་པས་བྱིན་སྲོག་ཆགས་ཁྲི་དང་ལྷན་ཅིག་ཏུ་ལྔ་འཛིན་གྱི་ལྗོངས་ནས་ཀོ་ས་ལའི་ལྗོངས་ག་ལ
24b2 བི་དང་།བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ།བྱིན་ནས་བཅོ་མོ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།ཕྱོགས་གཅིག་ཏུ་འདུག
24b3 ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཚངས་པས་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ནི་བདག་གི་ཡུལ་ནས་ཧ་ཅིང
24b4 སྔར་མཆིས་ལེགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རྒྱལ་པོ་ཆེན་པོ་གང་ཟག་ཕྲག་དོགོ་ཅན་དང་།མངོན་པར་མི་བརྩོན་པ་དང་།སྨྲབ་ལ་དགའ་བ་དང་།
24b5 བྲེ་མོའི་གཏམ་བྱེད་པ་མེད་པ་དང་།ཚུལ་བཞིན་ལས་ཐག་རིང་བ་དང་།སྦྱོར་བ་དང་བྲལ་བ་རྣམས་གང་ན་གནས་པ་དེར་དེ་བཞིན་གཤེགས་པའི་ཉན་ཐོས་མི་གནས་སོ།།།
24b6 རྒྱལ་པོ་ཆེན་པོ་རྒྱུ་བཅུས་ན་གང་ཟག་མངོན་པར་མི་བརྩོན་པ་ཡིན་པར་རིག་པར་བྱ་སྟེ།བཅུ་གང་ཞེ་ན།གཉིད་ཆེ་བུ་དང་།མཁས་སོ་སྙམ་དུ་མངོན་པའི་དེ་རྒྱལ་བྱེད་པ་དང་།
24b7 བདག་ལ་བསྟོད་པ་དང་།གཞན་པ་སྨོད་པ་དང་།བྲེ་མོའི་གཏམ་ལ་དགའ་བོ་དང་།སྨྲ་བ་ལ་དགའ་བ་དང་།ཚོགས་པ་དགའ་བ་དང་།རྙེད་པ་ཆེད་ཆེར་འཛིན་པ་དང་།།




iiif viewer powered by OpenSeadragon

24a - 25a

Texts on this page

N145 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo