| | e-texts navigator
|
23b1 དཔའ་མཐོང་བ་དོན་ཡོད་ལ་ཆོས་བཞིན་མ་ཡིན་པར་སྦྱར་བ་འདེངས་སོ།།དེའང་དད་པ་ཆུང་ངུའི་བྲམ་ཟེ་དང་།ཁྱིམ་བདག་རྣམས་ཀྱི་ཁྱིམ་དུ་སོང་ནས་སྩོགས་པར་བྱེད་དོ།།དེ
23b2 ཐོས་ནས་བསྐལ་པ་བྱེ་བ་ཕྲག་བརྒྱད་ཅུར་སེམས་ཅན་དམྱལ་པ་ཆེན་པོར་སྐྱེ་བ་ཡོངས་སུ་འཛིན་པར་གྱུར་ཏོ།།དྲི་ནས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱིས་སེམས
23b3 ཅན་དེ་དག་ཉིད་ལ་སྙིང་བརྩེ་བའི་ཕྱིར།རྒྱལ་པོ་ཚངས་པོས་བྱིན་ལ་མ་བསྟོད་དོ།།དེའི་ཚེ་རྒྱལ་པོ་ཆིངས་པས་བྱིན་གྱི་མདུན་ནི་འདྲོན་པ་བྲམ་ཟེ་རབ་ཏུ་རྨུགས་བྱེད་ཅེས་བྱ་བ
23b4 ཞིག་བྱུང་སྟེ།དེས་དེ་ན་གནས་པོའི་དགེ་སློང་རྣམས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་དང་བྱེ་བར་བྱོས་ཏེ།ཆོས་མ་ཡིན་པས་ཀྱང་སྦྱར་བ་བཏབ་པོ།།རྒྱལ་པོ་ཚངས
23b5 པས་བྱིན་ཡང་མི་མངོན་པའི་ཐབས་ཀྱིས་བྱང་ཆུབ་སེམོས་དཔའ་མཐོང་བ་དོན་ཡོད་དང་བྱེ་བར་བྱས་སོ།།ཆོས་ཀྱི་མཆོག་ཏུ་དགའ་བ་བྱུང་ངོ་ཅོག་ཀྱང་འབག་པར་བྱེད་དེ།
23b6 ནས་ཀྱང་བྱང་ཆུབ་སེམས་དཔའ་མཐོང་པོ་དོན་ཡོད་ལ་སེམས་མི་དགའ་བར་འགྱུར་བར་བྱེད་དོ།།ཆོས་ཀྱི་གཏམ་ལ་ཞུགས་ནའང་དེ་ལས་ཕྱིར་བཟློག་པའི་གཏམ་བྱེད་དེ།ཅི་ནས
23b7 ཀྱང་བྱང་ཆུབ་སེམས་དཔའང་རུ་རྐང་རྣམས་ཀྱིས་བྱ་བ་བྱེད་དོ།།དེ་ལ་ཆོས་ཤི་དང་ལྗོན་ན་བྱང་ཆུབ་སེམས་དངའང་མུ་རྒོད་ཡིན་ཏེ།བཞི་གང་ཞེ་ན།ཁྲོ་ལྟར་སྒྲུབ་དང་།
iiif viewer powered by OpenSeadragon
23a - 24a