| | e-texts navigator
|
232b1 ལམ་བཏབ་བོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།ཚོང་དཔོན་གྱི་བུ་དཔལ་དབྱིག་དང་།དར་དེའི་རྒྱལ་པོའི་བུ་དང་།བྱང་ཆུབ་སེམས་དཔའ་དེ་དག་དང་།དགེ
232b2 སློང་དེ་དག་དང་།ལྷ་དང་།མི་དང་།ལྷ་མ་ཡིན་དང་།དྲི་ཟེར་བཅས་པའི་འཇིག་རྟེན་ཡིར་ངོས་ཏེ།བཅོམ་ལྡན་འོངས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ
232b3 དཔལ་དབྱིག་གོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།།རྒྱ་གར་གྱི་མཁན་པ་སུ་རེནྡྲ་བོ་དྷི་དང་།པྲཛྙཱ་བར་མ་དང་།ཞུས་ཆེན་གྱི་པོ་ཙཱ་བ་བཱནྡེ་ཡེ་ཤེས་སྡེ
232b4 ལྔ་སོགས་པས་བསྒྱུར་དྲིང་སུ་སོ་ཏེ་གཏཱན་ལ་ཕབ་པ།།།རྒྱ་གར་སྐད་དུ།ཨཱརྱ་རཏྣ་ཛྭ་ལི་པ་རི་པྲིཙྪ་ནཱ་མ་མ་ཧཱ་ཡ་ནཱ་སཱུ་ཏྲ།བོད་སྐད་དུ།འཕགསྲ་པ་རིན་ཆེན་དྲ་བ་ཅ་ན།
232b5 གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱགའི་ཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན
232b6 འདས་ཡུལ་ཡངས་པར་ན་ན་སྤྲེའུ་རྫིང་གི་འགྲམ་ན།ཁང་པ་པོ་རྟགས་པའི་གནས་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་།བབས་ཅིག་ཏུ་བཞུགས་ཏེ།བྱམས་པ་ལྔ་སོགས་པ
232b7 བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་དང་།སྐྱེ་བ་གཉིས་ཀྱིས་ཐོགས་པ་རྣམས་དང་།སྐྱེ་བ་གསུམ་གྱིས་ཐོགས་པ་རྣམས་དང་།སྐྱེ་བ་བཞིས་ཐོགས་པ
iiif viewer powered by OpenSeadragon
232a - 233a