e-texts navigator
Collection
Volume
Page
Wylie

22a1 བདག་ནི་གནོད་པའི་སྦགས་པས་སྦགས་པའོ།།མཐོང་བ་དོན་ཡོད་བདག་ནི་གཟུ་ལུམས་ཀྱི་ལས་ལ་ལྷག་པར་ཞེན་པའི་ཤས་ཆེ་བ་དང་།ནོར་ཡོངས
22a2 སུ་འཚོལ་བ་དང་།འཁོར་ཡོངས་སུ་བསྡུ་བས་ཀུན་ནས་མནར་སེམས་ཀྱིས་སེམས་སྐྱེས་པ་བསལ་བར་རྔོ་མི་ཐོག་གོ།།གཞན་ཡང་བདག་ནི་གཞན་དགྲ་ལ་དབྱུག་པས
22a3 བསྣུན་པ་དང་།མཚོན་གྱིས་བསྣུན་པུས་བསྣུན་པར་བགྱིད་དེ།།མཐོང་བ་དོན་ཡོད་དེས་ན་བདག་གིས་བྱང་ཆུབ་ཏུ་སེམས་མ་བསྐྱེད་དོ།།བདག་ནི་ཐ་ན་རྨི་ལམ་དུའདྲ
22a4 གཞན་དག་ལ་ཀུན་ནས་མནར་སེམས་ཀྱིས་སེམས་སྐྱེད་པར་བགྱིད་དོ།།མཐོང་བ་དོན་ཡོད་ད་ནི་བདག་གིས་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི
22a5 བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ།།མཐོང་པོ་དོན་ཡོད་བདག་གིས་ཇི་ལྟར་བཅས་པའི་བྱང་ཆུབ་སེམས་དཔའི་སླབས་པ་དག་ལེ་མ་བསླབས་ན་བདག་གིས་ཕྱོགས་བཅུའི
22a6 འཇིག་རྟེན་གྱི་ཁམས་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་གྱུར་ཅིག།བདག་བླ་ན་ཆད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ
22a7 བསླབས་པའི་སླད་དུ།ཇི་སྐད་སྨྲས་པ་དེ་བཞིན་དུ་བགྱིད་པར་འགྱུར་བར་བགྱིའོ།།དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱི་རྗེས་སུ་བསླབས་པའི་སྲོག་ཆགས་བརྒྱད་ཁྲིས་སྔོན་མ་བསྐྱེད།




iiif viewer powered by OpenSeadragon

21b - 22b

Texts on this page

N145 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo