e-texts navigator
Collection
Volume
Page
Wylie

21b1 འགྱུར།།ཟབ་མོའི་བཟོད་དང་སྤོབས་པ་ཐོད་ནས་འདིར།།སངས་རྒྱས་རྣམས་ཀྱི་མཛོད་འཛིན་གང་ཡིན་པ།།དེ་དག་ཁྱོད་ཀྱིས་ཆོས་བཞིན་བསྲུང་བར་བྱས།།མཁས་ད
21b2 འདྲ་སྲོག་ཕྱིར་མ་བཏང་ཞིག།མཁས་པཱ་དེ་དགྲ་ལ་ནི་གནོད་བྱེད་མོ།།ཆོས་དང་མི་ལྡན་བརྩོན་པ་མང་པོ་རྣམས།།དེ་དག་རྟག་ཏུ་ཁྱོད་ཀྱིས་ཆད་པས་ཆོད།།ཆོས་ཀྱི
21b3 ཚུལ་འདི་མྱུར་དུ་ཉམས་སྟ་རཾ།།གྲང་ཕྱིར་འཇིག་རྟེན་མགོན་པོ་མི་འབྱུང་ན།།མ་ཁས་པ་དེ་དག་འཇིག་རྟེན་སྟོན་པར་འགྱུར།།སྲོག་ཆགས་ངན་ཕྱིར་ཆོས་སྔོན་འབར་བར
21b4 བྱིད།།དེ་ཕྱིར་དེ་དག་དོན་དུ་རྟག་ཏུ་སྒྲིམས།།བྱང་ཆུབ་སེམས་དཔའི་མེང་པོ་བྱེ་བ་སྟོང་།།སྙིང་ནས་སེམས་ཅན་དོན་ནི་སྟོན་མི་བྱེད།།དེ་དག་ལྷག་སེམས་མེད་ཅིང་ཚུལ
21b5 ཁྲིམས་མཆོག།དེ་དག་ལུང་བསྟན་རྒྱལ་བ་གསུང་མི་འགྱུར།།ཇི་སྐད་སྨྲས་པོ་དེ་བཞིན་བྱེད་པ་རྣམས།།དེ་ལྟར་ད་དགེ་སྐྱེ་མཽད་སྤྱོད་ཡུལ་ཅན།།རྒྱལ་ཁྱོད་ཡང་དག
21b6 སྤྱོད་པ་འདི་ཐོས་ཀྱིས།།ཇི་སྐད་བསྟན་པའི་བསྟན་འདིར་གནས་པར་བགྱི།།དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐོང་བ་དོན
21b7 ཡོད་ལ་འདི་སྐད་ཅེས་སྨྲས་སོ།།མདོང་བ་དོན་ཡོད་སྐྱོན་འདི་དག་ཐམས་ཅད་ནི་བདག་ལ་མཆིས་པར་གོདའ་ལ།ཡོན་ཏན་རྣམས་ནི་མི་གདའ་འོ།།མཐོང་བ་དོན་ཡོད




iiif viewer powered by OpenSeadragon

21a - 22a

Texts on this page

N145 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo