e-texts navigator
Collection
Volume
Page
Wylie

19a1 བསྟན་པ་ཡོངས་སུ་འཛིན་པ་དེའང་རྣམ་པ་བཅུར་རིག་པར་བྱ་སྟེ།བཅུ་གང་ཞེ་ན།འདི་ལྟ་སྟེ།འཇིག་རྟེན་གྱི་ཆོས་རྨད་ཀྱིས་མི་ཚུགས་པའི་ཏིང་འཛིན
19a2 སྒྲུབ་པ་ལ་བརྩོན་པ་དང་།གཟུངས་ཡོངས་སུ་འཆོལ་བ་ལ་བརྩོན་པ་དང་།དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་རྣམ་པར་ངེས་པ་ལ་མཁས་པ་དང་།གྲང་ཟག་གང
19a3 དགེ་མངོན་པར་བརྩོན་པ་དེ་དག་གི་གོས་དང་ཟས་དང་།མལ་ཆ་དང་།སྟན་དང་།ནད་ཀྱི་གསོས་སྨན་དང་།ཡི་བྱད་རྣམས་བསྟབས་པས་ཡོངས་སུ་མི་སྐྱོ་བ་དང་།བྱང་།།
19a4 ཆུབ་ཡང་དག་པར་འཛིན་དུ་འཇུག་པ་ལ་བརྩོན་པ་དང་།ལེགས་པར་བསམ་པ་སེམས་པ་དང་།ལེགས་པར་སྨྲ་བས་སྨྲ་བ་དང་།ལེགས་པའི་ལས་བྱེད་པ་དང་།རབ་ཏུ
19a5 འབྱུང་བ་སེམས་པ་དང་།རྒྱལ་པོ་ལ་དགའ་བ་ལ་སྐྱོན་དུ་རྟོག་པ་དང་།གཟུགས་སྡུག་ཅིང་གཟུགས་བཟད་པ་ཐམས་ཅད་ལ་མི་ལྟ་བའི་ཡིད་དང་ལྗོན་པ་དང་།ཐ་ན་རྒྱལ
19a6 པོ་གཅིག་པུར་སྐྱེད་པས་བསྒྲུབ་པ་ལའང་མི་ལྟ་བའི་ཡིད་དང་ལྡན་པ་སྟེ།བཅུ་པོ་འདི་དག་ཡིན་ནོ།།རྒྱལ་པོ་ཆེན་པོ་ཆོས་བཞི་པོ་འདི་དག་དང་ལྡན་པའི་རྒྱལ་རིགས་སྤྱི་བོ་ནས
19a7 དབང་བསྐུར་བའི་རྒྱལ་པོ་ནི་ཇི་སྐད་སྨོས་པའི་ཡོན་ཏན་དེ་དག་ཐོབ་པར་འགྱུར་རོ།།རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་རིགས་སྤྱི་བ་ནས་དབང་བསྐུར་བའི་རྒྱལ་པོ་ནི་གང་ཟག




iiif viewer powered by OpenSeadragon

18b - 19b

Texts on this page

N145 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo