| | e-texts navigator
|
18b1 བ་དང་།སྐྱེ་བོ་དབང་དྲུག་དང་ལྡན་པ་རྣམས་ལའང་གཟུ་ལུམ་སུནན་གྱིས་གནོན་པར་མི་བྱེད་པ་དང་།ཡིད་དུ་འོང་བའི་སྦྱིན་པའང་གཞན་དག་ལ་སྟོབས་པར་བྱེད་དེ།ཡིད
18b2 དུ་མི་འོང་བ་ཡོངས་སུ་སྤོང་བ་དང་།ཆོས་ཐམས་ཅད་ལའང་སྟོང་ངོ་སྙམ་དུ་ངེས་པོར་འབྱུང་བར་བྱེད་པ་དང་།བྱེད་པ་མེད་པའི་ལྟ་བས་ཡང་དག་པའི་མཐར་ལ་མཚན
18b3 ཉིད་གཅིག་ཏུ་མོས་པ་ཡང་མི་བྱེད་ལ་ཐ་དད་པའི་འདུ་ཤེས་ཅན་ཡང་མ་ཡིན་པ་དང་།རང་གི་ཡོན་ཏན་གྱིས་ཀྱང་གཞན་གྱི་ཡོན་ཏན་ཁྱད་དུ་གསོད་པར་མི་བྱེད་པ་དང་།ཚད
18b4 ངེས་པར་འཛིན་པའདྲ་མི་བྱེད་པ་དང་།གང་ཟག་སྦྱོར་བ་མེད་པ་རྣམས་ལང་རློམ་ཀཱིང་རྙིང་མཁསམ་གྱིས་མི་ཁྱབ་པ་དང་།མཐུན་པར་བྱེད་པ་སྟེ་བཅུ་པོ་དེ་དག་ཡིན་ནོ།།རྒྱལ་པོ་ཆེན
18b5 པོ་ཆོས་གསུམ་པོ་འདི་དྲང་ལྡན་པའི་ཚུལ་རིགས་སྤྱི་བོ་ནས་དབ་མ་སའི་རྒྱལ་པོ་ནི་ཇི་སྐད་སྨོས་པའི་ཡོན་ཏན་དུ་དག་ཐོབ་པར་འགྱུར་རོ།།རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་རིགས་སྤྱི
18b6 བློ་ནས་དབང་བསྐུར་བའི་རྒྱལ་པོ་ནི་འཇིག་རྟེན་གནོས་པའི་གནོད་པའི་སྤགས་པས་སྤགས་པར་ཡང་དག་པར་མཐོང་བ་ན་བླ་ན་མེད་པ་ཡང་དྲག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པའི
18b7 ཕྱིར་བསྟན་པ་ཡོངས་སུ་འཛིན་པ་ལ་འཇུག་སྟེ།ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྟོབས་བསྐྱེད་པ་ལ་བརྩོན་ཤིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཡོངས་སུ་མི་སྐྱེའོ།།དེའི
iiif viewer powered by OpenSeadragon
18a - 19a