| | e-texts navigator
|
18a1 མི་བྱེད་པ་དང་།སྡུག་པ་དང་མི་སྡུག་པ་རྣམས་ལ་ངེས་པར་སེམས་པའི་ཡིད་དང་ལྡན་པ་དང་།བསམ་པ་ཐག་ནས་སྒྲུབ་པས་བྱང་ཆུབ་སེམས་དཔའ
18a2 སྤྱོད་པ་རྫོགས་པར་བྱེད་དེ།ཚིག་ལྷུར་ལེན་པར་མི་བྱེད་པ་དང་།ཡེ་ཤེས་ཡོངས་སུ་འཆོལ་བས་དམ་བཅས་བྲལ་བརྟན་པ་དང་།རང་གི་གཡོག་འདེར་བྱང་ཆུང་ཡང
18a3 དོག་པར་འཛིན་དུ་འཇོག་ཅིང་།རྒྱུ་ནི་མི་ཆད་པར་དེ་དྲག་ཆོས་ཀྱི་སྦྱིན་པས་ཡོངས་སུ་སྨིན་པར་བྱེད་ལ།དེ་དག་གི་ཟང་ཟིང་ཡང་སྡུད་པར་བྱེད་པ་སྟེ།བཅུ་པོ་དེ་དགེ་ཡིན་ནོ།།
18a4 རྒྱལ་པོ་ཆེན་པོ་ཆོས་གཉིས་པོ་འདི་དང་ལྡན་པའི་རྒྱལ་རིགས་སྤྱི་བོ་ན་ས་དབང་བསྐུར་བའི་རྒྱལ་པོ་ནི་ཇི་སྐད་སྨོས་པའི་ཡོན་ཏན་དེ་དག་ཐོབ་པར་འགྱུར་རོ།།རྒྱལ་པོ་ཆེན་པོ་གཞན
18a5 ཡང་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ནི་ཆོས་ཟབ་མོའི་བཟོད་པ་ལ་མོས་ཀཽང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྒྲུབ་པ་ཐོབ་པ་ཡིན་ནོ།།དེའི་ཟབ་མོ་ལ་མོས་པ་དེའང
18a6 རྣམ་པ་བཅུར་རིག་པར་བྱའོ།།བཅུ་དྲང་ཞེ་ན།འདི་ལྟ་སྟེ།ཇི་སྐད་སྨྲས་པ་དེ་བཞིན་དུ།བྱེད་བྱ་དང་།དགེ་བའི་ཆོས་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལས
18a7 ཤས་ཆེར་གུས་པ་དྲག་པོ་དང་ལྡན་ཞིང་ཡང་བའི་ལས་མངོན་པར་འདྲ་བྱེད་པའང་ཡོངས་སུ་སྤོང་བ་དང་།མངོན་པར་འདུ་བྱེད་པ་ཡིད་དུ་འོང་བའང་མངོན་པརོ་དུ་བྱེད
iiif viewer powered by OpenSeadragon
17b - 18b