e-texts navigator
Collection
Volume
Page
Wylie

17b1 མེད་པ་དང་།དད་པའི་ཤུས་ཆེ་བ་དང་།འབགས་པའི་བསྟུན་པ་ལ་སྐྱོན་དུ་མི་འཛིན་པ་དང་།དགེ་སློང་རབ་འབྲིང་བ་མ་རྣམས་ལ་འཕྲུལ་བ་མི་འཚོལ་བ་དང་།སྟོང་པ་ཉིད་ལ་མྱོས
17b2 བ་དང་།ལུས་ཀྱི་ལས་ཡོངས་སུ་དག་པ་དང་།ངག་གྲི་ལས་ཡོངས་སུ་དག་པ་དང་།ཡིད་ཀྱི་ལས་ཡོངས་སུ་དག་པ་སྟེ་བཅུ་པོ་དེ་དག་ཡིན་ནོ།།རྒྱལ་པོ་ཆེན་པོ་ཆོས་དང་པོ
17b3 འདི་དང་ལྡན་པའི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ནི་ཇི་སྐད་སྨོས་པའི་ཡོན་ཏན་དེ་དག་ཐོབ་པར་འགྱུར་རོ།།རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་རིགས་སྤྱི་བོ་ནས་དབང
17b4 བསྐུར་བའི་རྒྱལ་པོ་ནི་ཆོས་འདོད་པ་ཡིན་ཏེ།རྒྱུན་མི་ཆེད་པོར་འཕགས་པ་རྣམས་མཐོང་བར་འདོད་པ་དང་།ཐོས་པ་འཆོལ་བ་ལ་ཆོག་མི་ཤེས་སོ།།དེའི་མང་དུ་ཐོས་པ་དེའང
17b5 སེམས་ཀྱིས་ཤིན་ཏུ་བརྟགས་པ་དང་།མཐོང་བས་ཤིན་ཏུ་རྟོགས་པ་ཡིན་ནོ།།རྒྱལ་པོ་ཆེན་པོ་ཡན་ལག་བཅུ་དང་ལྡན་ན་ཆོས་དང་ལྡན་པའི་རྒྱལ་པོར་རིག་པར་བྱ་སྟེ།བཅུ
17b6 གང་ཞེ་ན།འདི་ལྟ་སྟེ།ཆོས་འདོད་པས་ལུས་ལ་མི་ལྟ་ཞིང་སྲོག་ལ་མི་ལྟ་བ་དང་།འཁོར་བ་ལ་སྐྱོ་བའི་ཡིདྲ་དང་ལྡན་པ་དང་།ཁྱིམ་ན་གནས་པ་ལ་སྐྱོན་མང་པོར་སེམས
17b7 པ་དང་དངོས་པ་ཐམས་ཅད་ལ་མི་ལྟ་བའི་ཡིད་དང་ལྡན་པ་དང་།སྔོན་མངོན་པར་འདུས་བྱས་དེའི་ལས་ཀྱི་ནང་ནས་སྡིག་པའི་ལ་སོ་ལ་སྨོད་ཅིང་མ་འོངས་པ་མངོན་པར་འདུ




iiif viewer powered by OpenSeadragon

17a - 18a

Texts on this page

N145 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo