| | e-texts navigator
|
16b1 ཐོབ་པ།གཟུང་ཐོབ་པ།ཏིང་ངེ་འཛིན་ཐོབ་པ།ཚུགས་པ་མེད་པའི་གཟུངས་ཐོབ་པ།སྒྲོ་མཐའ་ཡས་པའི་ཕྱག་རྒྱ་བསྒྲུབ་པའི་གཟུང་ལ་མཁས་པ།སྟོང་པ་ཉིད་ལ་གནས་པ།།
16b2 མཚན་མ་མེད་པའི་སྤྱོད་ཡུལ་བ།མ་བརྟགས་པའི་སྨོན་ལམ་ཅན།མི་སྐྱེ་བའི་ཆོས་ལ་བཟོད་པ་ཐེབ་པ་ཤ་སྟོག་དང་ཐབས་ཅིག་ཏུ་བཞུགས་ཏེ།།དེ་ནས་བྱང་ཆུབ་སེམས
16b3 དཔའ་མཐོང་བ་དོན་ཡོད་བྱང་ཆུབ་སེམས་དཔའ་ལྔ་པ་རྒྱ་ཙམ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ།བཅོམ་ལྡན་འདས་ལ་བསྐོར་བ་བྱས་ནས།མཐར
16b4 གྱི་ལྗོངས་རྒྱུ་ཞིང་སྤོང་བ་ལས་ལྔ་འཛིན་གྱི་ལྗོངས་སུ་བྱིན་ཏོ།།དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་བདག་གི་ཡུལ་འདིར་ཕྱིན་ཏོ་ཞེས
16b5 ཐོས་ནས་དེ་ཚིམ་ཞིང་མགུ་ལ་ཡི་རངས་ཏེ།རབ་ཏུ་དགའ་བ་དང་།ཡིད་བདེ་བ་སྐྱེས་ནོས་སྐྱེ་བོའོ་ཚོགས་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདད་ནས།བྱང་ཆུབ
16b6 སེམས་དཔའ་མཐོང་བ་དོན་ཡོད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའོ་མཐོང་བ་དོན་ཡོད་ཀྱི་རྐང་པ་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།
16b7 སྐྱེ་བོ་དལ་པོ་ཆེད་དོག་ཀྱང་བྱང་ཆུབ་སེམས་དཔའ་མཐོང་བ་དེ་ནི་ཡོད་ཀྱི་རྐང་པ་ལ་མགོ་བོས་ཕྱག་བཙལ་ནས།ཕྱོགས་གཅིག་ཏུ་འཁོད་དོ།།དེ་ནས་བྱང་ཆུབ་སེམས་དཔའ
iiif viewer powered by OpenSeadragon
16a - 17a