e-texts navigator
Collection
Volume
Page
Wylie

161a1 ཇི་སྲིད་དུ་ཛམྦྷ་གླིང་འདིར་སྤྱོད་པར་འགྱུར་བ་ཡུན་དེ་སྲིད་དུ་དམ་པའི་ཆོས་ནུབ་པར་མི་འགྱུར་རོ།།དེ་ནས་འཁོར་དེ་དག་ཐམས་ཅད་དགའ་མབུ་རངས
161a2 ཡིད་བདེ་བར་གྱུར་ནས་སྤོས་ཐམས་ཅད་དང་།ཕྲེང་བ་ཐམས་ཅད་དང་།བྱུག་པ་ཐམས་ཅད་དང་།མི་ཏོག་ཐམས་ཅད་དང་།བྱེ་མ་ཐམས་ཅད་ཀྱིས་དེ་བཞིན
161a3 གཤེགས་པ་ལ་མངོན་པར་གཏོར་ནུས་ཚིག་ཀྱང་འདི་སྐད་དུ།ེ་མའོ་ཆོས་ཀྱི་རྣམ་གྲངས་འདི་རྗེམྦུའི་བྷྲིང་ན་ཡུན་རིང་དུ་གནས་པ་དང་རྒྱས་པར་གྱུར་ཅིག་ཅེས་འཛིར
161a4 ཏོ།།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།ཀུན་དགའ་བ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཟུང་ངམ།གསོལ་པ།བཅོམ
161a5 ལྡན་འདས་བདག་གིས་བཟུང་ངོ་།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀུན་དགའ་བོ་དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་།བཅུ་དཱ་བ་དང་།
161a6 བཀླགས་པ་དང་།ཡང་དག་པར་རབ་ཏུ་བསྠཱན་པའི་ཕྱིར་ཁྱོད་ལ་ཡོངས་སུ་གཏང་ངོ་།།གསོལ་པ།བཅོམ་ལྡན་འདས་དང་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ།
161a7 འཆང་ང་།ཀློག་གམ།གཞན་དག་ལ་སྟོན་ཏམོ།ཡོ་གེར་བྲིས་པ་ལ་མཆོད་པ་བགྱིད་ན་དེ་བསོད་ནམས་ཇི་ཙམ་ཞིག་བསྐྱེད་པར་འགྱུར།།བཅོམ་ལྡན་འདས་ཀྱིས




iiif viewer powered by OpenSeadragon

160b - 161b

Texts on this page

N146 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo