e-texts navigator
Collection
Volume
Page
Wylie

160b1 དུ་ནི་དུལ་ནས་ཀྱང་།།སངས་རྒྱས་ཀྱི་ཡང་ལམ་སྦྱོང་བ།།མདོ་སྡེ་འདི་ན་མཉན་པར་བགྱི།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་རྫུ་འཕྲུལ་མངོན་པར་འང་བྱ་བ་འདི་ལྟ་བུ་མཛད།
160b2 །རྫུ་འཕྲུལ་མངོན་པར་འདུ་བྱ་བ་ཇི་ལྟ་བུར་མངོན་པར་འདུས་བྱིས་པས་བདུད་སྡིག་ཏུ་ཅན་དཔུང་གི་སྟོབས་བཞི་དང་།བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ
160b3 དང་།བཅོམ་ལྡན་འདས་ཀྱི་ཞི་བསྲ་ལ་མགོ་བོས་ཕྱག་བཙལ་ནོས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་ཅག་དཔུང་དང་བཅས།གཡོག་དང་བཅས
160b4 པའདི་དག་དེ་བཞིན་གཤེགས་པའི་སྤྱན་སྔར་དམ་བཅས་ཏེ།གང་ན་ཆོས་ཀྱི་རྣམ་གྲངས་འདྲི་རབ་ཏུ་སྤྱོད་པར་འགྱུར་བའི་ལྗོངས་ཀྱི་ཕྱོགས་དེར་ཆོས་ཉན་པ་དང་།ཆས་སྨྲ་བདག
160b5 ལོ་བདུད་ཀྱི་ལས་མི་བགྱིད་པའི་སྟེང་དུ་བསྲུང་བ་དང་།བསྐྱབ་པ་དང་།སྦ་བར་ཡང་བགྱིའོ།།དེ་ནས་བཅོ་མི་ལྡན་འདས་ཀྱིས་འོདི་གསེར་གྱི་ཁ་དག་ལྟ་བུས་སྦྱངས་རྒྱས
160b6 ཀྱི་ང་འདི་ཁྱབ་པར་མཛད་དེ་འཇམ་དཔལ་གཞོན་ནུར་ཕུར་པོ་ལ་འདི་སྐད་ཅེས་བཀྲའ་སྩལ་ཏོ།།འཇམ་དབུལ་འདྲི་ལྟ་སྟེ།སྐྱེས་བུ་དམ་པ་དམ་པའི་ཆོས་ཡོངས་སུ་འཛིན་པད་དག
160b7 གི་དམ་པའོ་ཆོས་ཡོངས་སུ་གཟུང་བར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེདགས་པས་བྱིན་གྱིས་བརླབས་སོ།།འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ཡུན




iiif viewer powered by OpenSeadragon

160a - 161a

Texts on this page

N146 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo