| | e-texts navigator
|
160a1 པར་སྟོན་པ་དེ་ལ་ཆོས་ཉན་དུ་མཆིའོ།།ད་ཅིའི་སླད་དུ་ཞེ་ན།བརྒྱ་བྱིན་དང་ཆུངས་པ་ནི་འདི་ལས་སྐྱེས་ཏེ།བཅོམ་ལྡན་འདས་བདག་རིགས་ཀྱི་བུ
160a2 འམ་རིགས་ཀྱི་བུ་མཱ་དེ་དག་ལྔ་བསྙེན་བཀུར་དང་རིམ་གྲོ་བགྱི་བར་སྤྲོའོ།།དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་རིམོ་གྲོ་བརྩིབ་དང་མཆོད་པར་འོས་པ་ལགས་སོ།།
160a3 དེ་ནས་ཚངས་པ་མི་མཇེད་ཀྱི་བདྲག་པོས་བཅོམ་ལྡན་བདེས་ལ་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ།།དགེ་སློང་དང་ནི་དགེ་སློང་མ།།དགེ་བསྙེན་དང་ནི་དགེ་བསྙེན།།
160a4 མ།།གང་རྣམས་མདོ་སྡེ་འདྲི་འཛིན་པ།།སྐྱེ་བོ་ཀུན་གྱི་མཆོད་རྟེན་དེ།།གལ་ཏེ་མདོ་སྡེ་འདི་ལ་ནི།།སེམས་ཅན་གཅིག་འགའ་བཙུད་ན་ཡང་།།འགྲོ་བའི་མགོན
160a5 པོ་བདག་སྨྲའི།།ཆོས་སྨྲ་བ་ནི་དེ་དག་ལ།།ཁྲི་སྟན་གང་ལ་དེ་མཆིས་ཏེ།།མདོ་སྡེ་འདི་ནི་རབ་སྟོན་པར།།ཚངས་པའི་འཇིག་རྟེན་མན་ཆད་དུ།།མེ་ཏིག་དགྲམ་པར
160a6 བདག་སྤའོ།།གང་གི་ལག་ནས་མདོ་སྡེ་འདི།།ཕྱི་མའི་དུས་ན་ཐོས་པར་འགྱུར།།དེ་ལ་ཨཱ་ལ་ལ་ཞེས་ནི།།ལེགས་སྨྲས་ལགས་ཞེས་བརྗོད་པར་བགྱི།།གང་ན་མེད
160a7 སྡེ་འདི་མཆིས་པར།།མེ་ཡི་ཕུང་པོས་དེང་བ་ཡི།།བྱེ་བ་སྙེད་ཀྱིས་ཞིང་རྒལ་ནས།།སྐྱོ་མི་འཚལ་བར་མཆི་བར་བགྱི།།རིན་ཆེན་ཕུང་པོར་རིབ་ཙམ།།དགའ་བཞིན
iiif viewer powered by OpenSeadragon
159b - 160b