e-texts navigator
Collection
Volume
Page
Wylie

159b1 ཡད་དང་ཡང་དུ་བཤད་པར་བསྒོ།།བདག་པོ་ཁྱོད་ལ་བགྱིས་པར་གཟོ།།མདོ་སྡེ་འདི་ལ་སུ་དགའ་བ།།དེ་དག་བདག་གི་སྟོན་པ་འདྲ།།བདག་ནི་སངས་རྒྱས་རྗེས་འཚལ
159b2 བས།།དེ་ལ་རྟག་ཏུ་རིམ་གྲོ་བགྱིད།།དམ་པོའི་ཆོས་རྣམས་ཡོངས་སུ་བསྲུང་།།མགོན་པོ་ཉན་ཐོས་མི་ནུས་ཏེ།།ཕྱི་དུས་འཇིག་པ་ཆེན་པོའི་ཆེ།།བདག་གིས་ཡོངས
159b3 སུ་བསྲུང་བར་བགྱི།།མགྲིན་པོ་བདག་ཀྱང་དབུགས་དབྱུང་གསོལ།།ལྷ་རྣམས་ཐེ་ཚོམ་བཅང་དུ་གསོལྔ།།ཐུབ་པ་ཁྱུ་མཆོག་ཁྱོད་འདྲ་བར།།ཇི་སྲིད་ཡུན་གྱིས་འགྲུབ་པར
159b4 འགྱུརརོ།།ཀུན་མཁྱེན་ཡེ་ཤེས་མཁས་པ་ཡི།།བདེ་བར་གཤེགས་པས་དེ་ལུང་བསྟན།།དྲི་ནོ་ཙོ་འདྲ་དེ་འདྲ་བར།།ཁྱོད་ཀྱང་རྫོགས་པའི་སངས་རྒྱས་འགྱུར།།བསྐལ
159b5 པ་བྱེ་བ་ཕྲག་སྟོང་དངོ་།།བསྐལ་པ་བྱེ་བ་བརྒྱ་ཡི་ཚེ།།འཇིག་རྟེན་དུ་ནི་སངས་རྒྱས་འགྱུར།།མིང་ནི་ཡེ་ཤེས་འབྱུང་ཞེས་བྱ།།བྱང་ཆུབ་ཞི་བ་ཐོབ་ནས་ཀྱང་།།བདུད་རྣམས
159b6 རབ་ཏུ་འདུལ་ནས་ནི།།སེམས་ཅན་བྱེ་བ་བརྒྱ་སྟོང་རྣམས།།བྱང་ཆུབ་ལ་ཡོང་འགེད་པར་འགྱུར།།དེ་ནས་མི་མཇེད་ཀྱི་བ་དག་པོ་ཚངས་པས་བཅོམ་ལྡན་འདས་ལ་འདི
159b7 སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བོ་དག་བསམ་གཏན་ལ་གནས་པའང་བཏང་སྟེ།རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་ཡང་དག




iiif viewer powered by OpenSeadragon

159a - 160a

Texts on this page

N146 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo