e-texts navigator
Collection
Volume
Page
Wylie

155a1 མི་དམིགས་མི་འདོད།མི་སྐྱོན་མི་སེམས་མི་རྟོག་རྣམ་པར་མི་རྟོག་པ་དེ་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ་ཞེས་ལེགས་པར་གསུངས་པ་འདི་ནི་ངོ
155a2 མཚར་ཏེ།བཅོམ་ལྡན་འདས་བདག་གིས་སྟེང་གི་ཕྱོགས་ན་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་མཐོང་སྟེ།དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་བདག་ཅིག
155a3 ལ་བླ་ན་མེད་པ་ཡང་དགེ་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ།།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ།།བཅོམ
155a4 ལྡན་འདས་གང་སླད་མའི་དུས་ལྔ་བརྒྱ་ཐ་མོ་ལ་ཛེམྦྷ་གླིང་འདིར་ཆོས་ཀྱི་རྣམ་གྲངས་འདྲི་རབ་ཏུ་སྤྱོད་པ་དང་།ཡུན་རིང་དུ་གནས་པར་འགྱུར་བ་དང་།རིགས་ཀྱི་བུ་དང་རིགས་ཀྱི
155a5 བུ་མོ་གང་དག་གི་ཆེ་ཆེན་པོ་བགོས་པ་དོག་གི་རྣ་ལམ་དུ་གདའ་བར་འགྱུར་བ་དང་།རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དགེ་བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་རྣམས་དབང་དུ་མི
155a6 མཆི་བ་དང་།དེ་དག་ལ་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་ངག་གྲིས་གླགས་རྙེད་པཱརྭ་མི་འགྱུར་བ་དང་།ཆོས་ཀྱི་རྣམ་གྲངས་འདིས་ཡོངས་སུ་བཟུང་ཏིང་གོ་ཆ་ཆེན་པོ་བགས་ཏེ།
155a7 བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་མི་ཉམས་པར་བྱིན་གྱིས་རླབས་པར་གསོལ།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།འཇམ་དཔལ་དེ་བས




iiif viewer powered by OpenSeadragon

154b - 155b

Texts on this page

N146 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo