e-texts navigator
Collection
Volume
Page
Wylie

154b1 པར་མི་དགའ།མངོན་པར་མ་ཆགས།མི་དམིགས།མི་འདོད།མི་སྨོན།མི་སེམས།རྣམ་པར་མི་རྟོག་ཀྱང་སངས་རྒྱས་ཐམས་ཅད་ལུང་སྦྱིན་ཏེ།ལྕེའི་བུ་འོན
154b2 ཀྱང་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ལ་མངོན་པར་མི་དགའ།མངོན་པར་མ་ཆགས།མི་དམིགས།མི་འདོད།མི་སྨོན།མི་སེམས།རྣམ་པར་མི་རྟོག་པ་དེ
154b3 ལ་དེ་བཞིན་གཤེགས་པ་ལུང་སྟོན་ཏེ།།དེ་ནས་འཁོར་དེར་ལྷའི་བུ་ལྔ་བརྒྱ་ཙམ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གྲསོལ་ཏོ།།བཅོམ་ལྡན་འདས་བདག་ཅག་ཀྱང
154b4 བྱང་ཆུབ་ལ་མངོན་པར་མི་དགའ།མངོན་པར་མི་ཆགས།མི་དམིགས།མི་འཚལ།མི་སྨིན།རྟག།རྣམ་པར་མི་རྟོག།ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག།
154b5 ཙོག་བླན་མེད་པ་ཡང་དྲག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མེ་དེསྟན།དེ་ནས་སངས་རྒྱས་ཀྱི་ས་སྟེང་གི་ཕྱོགས་ན་སྟེང་གི་བར་སྣང་ལ་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་རྗེ
154b6 བཞི་མཇེང་སྟེ།དེ་བཞིན་གཤེགས་པ་དེ་དག།གིས་དེ་དག་བ་ན་མེད་པ་ཡང་དག་པར་རྫོགས་པའི་བྱེང་ཆུབ་ཏུ་ལུང་བསྟན་ཏོ།།དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་དེ་དག་གིས
154b7 འདི་སྐད་ས་གསོལ་ཏོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པས་འདི་སྐད་དུ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ལ་མངོན་པར་མི་དགའ།མངོན་པར་མི་ཆག




iiif viewer powered by OpenSeadragon

154a - 155a

Texts on this page

N146 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo