e-texts navigator
Collection
Volume
Page
Wylie

9a1 ཏུ་གདའ་བ་དང་།པདྨ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འདི་སྙེད་ཅིག་བྱུང་བ་འདི་དང་།དེ་དག་ལའང་སྐྱེས་བུ་དམ་པ་དག་མཆིས་པ་འདི་ལྟ་བུ་ཀུན་ཏུ་གདའ་ཡང་བཅོམ
9a2 ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་གྲོང་དང་།གྲོང་ཁྱེར་དང་།གྲོང་རྡལ་དང་།ལྗོངསོ་དང་།ཡུལ་འཁོར་དང་།རྒྱལ་པོའི་ཕོ་བྲང་འཁོར
9a3 རྔརྣམས་ལའང་སྒྲིབ་པ་མ་མཆིས་པར་ཀུན་ཏུ་གདའ་བ་དང་།ཛམྦུའི་གླིང་རྣམས་དང་།གླིང་བཞི་པ་ཆེན་པོ་རྣམས་དང་།རྒྱ་མཚོ་རྣམས་དང་།རི་རབ་རྣམས་དང་།འདོད་པ་ན
9a4 སྤྱོད་པའི་ལྷའི་བུ་རྣམས་ལའང་སྔོན་ཇི་ལྟ་བར་ཕྱེས་ཀྱང་དེ་བཞིན་དུ་སྒྲིབ་པ་ཅིའང་མ་མཆིས་པར་དེ་ཁོ་ན་བཞིན་དུ་ཀུན་ཏུ་གདའ་བོ་དེ་ལ།བཅོམ་ལྡན་འདས་འདི་སུའི་བྱིན་གྱི་རླབས
9a5 ཀྱིས་གྱུར་སྙམ་དུ་བདག་ངོ་མཚརེ་ཆེར་གྱུར་ན་འདི་སུའི་སྔ་ལྟས་ལགས།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ་ལ་འདི་སྐད་ཅེས
9a6 བཀའ་སྩལ་ཏོ།།ཚངས་པ་འདི་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱ་མཚོ་མཆོག་མངའ་བའི་བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པའི་སངས
9a7 རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེ་དྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད་པས་བརྒྱན་མ་ནས།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་བྱང་ཆུབ




iiif viewer powered by OpenSeadragon

8b - 9b

Texts on this page

N138 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo