| | e-texts navigator
|
8b1 པའི་འཇིག་རྟེན་ན་འདུག་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟ་བུའང་མཐོང་།པདྨ་རྣམ་པར་བཀྲ་བ།བལྟ་ན་སྡུག་པ།བྱེ
8b2 ཁྲག་ཁྲིག་བརྒྱ་ཕྲག་སྟོང་མངོན་པར་བྱུང་བའང་མཐོང་།རིན་པོ་ཆེ་བཀོད་པ་འཁོར་གྱི་ཁྱམས་བྱང་ཆུབ་སེམས་དཔས་གང་བའང་མཐོང་སྟེ།མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ།
8b3 བསྲེག་པའི་བསྐལ་པ་ནི་མ་བྱུང་ན་ཆུས་འཇོག་པ་འདི་བྱུང་སྟེ།འདི་ལྟ་བུའི་ཆོ་འཕྲུལ་འདི་དག་ཀུན་ཏུ་སྣང་བ་འདི་ལ་རྒྱུ་ཅི་ཡོད།བདག་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ།བཅོམ་ལྡན་འདས
8b4 ངོ་མཚར་རྨད་དུ་བྱུང་བ་ཆེན་པོ་འཇིག་རྟེན་དུ་བྱུང་བའི་རྒྱུ་གང་ལགས།རྐྱེན་གྲང་ལགས་ཞེས་ཞུའོ་སྙམ་མོ།།དེ་ནས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་དཔའ།ཚངས་པ་འབུམ་ཕྲག་དྲུག་ཅུ
8b5 རྩ་བརྒྱད་ཀྱིས་ཡོངས་སུ་བསྐོར་ཏེ།མདུན་དུ་བདར་ནས་ལྷན་ཅིག་ཏུ་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཏེ།རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་སུ་བཅོམ་ལྡན་འདས་ཀྱིས་སྤྱན
8b6 སྔར་སྟོང་གི་བར་སྣང་ལ་འདུག་སྟེ།ལུས་བཏུད་ཐལ་མོ་སྦྱར་ནས།བཅོམ་ལྡན་འདས་ཉིད་ལ་ཕྱོག་བཙལ་ཏོ།།དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས་འདི་སྐད
8b7 ཅེས་གསོལ་ཏོ།།བཅོམ་ལྡན་འདས་འདི་ཅི་ལགས།གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆབ་ཀྱིས་ཡོངས་སུ་གཏམས་པའི་རྒྱ་མཚོ་གཅིག་ལྟ་བུང་ཀུན
iiif viewer powered by OpenSeadragon
8a - 9a